[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཕྲུ་གུ་བཙས་རྗེས་ཀྱི་བང་གསོའི་རིང་སོ་བཀྲུ་ཆོག་གམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-08

    微信图片_20180108152553.jpg

    གཟུགས་པོས་ལྕོགས་ན་ཕྲུ་གུ་བཙས་རྗེས་ཀྱི་ཉིན་གཉིས་པར་སོ་བཀྲུ་ཆོག རབ་བྱུང་ན་ཉིན་གསུམ་ལས་མི་བརྒལ་བར་ཉིན་ལྟར་ཞོགས་པ་དང་དགོང་མོར་སོ་ཐེངས་རེ་བཀྲུས་ན་ལེགས། སྤྱིར་བཏང་བང་གཞུག་བུད་མེད་ཀྱིས་བང་གསོ་རིང་བཅུད་ལྡན་དང་སྤྲི་དཀར་གྱི་ཁ་ལག་ཟ་མང་བར་བརྟེན། སོ་མ་བཀྲུས་ན་ཟས་སྙིགས་སོའི་ནང་ཚང་ནས་རུལ་བ་དང་སྐྱུར་མོ་ཆགས་ཏེ་སོ་ལ་གནོད་སྲིད།

    དོ་སྣང་བྱེད་དགོས་པ་ཞིག་ནི་བང་གཞུག་བུད་མེད་ཀྱི་གཟུགས་པོ་སྐྱོ་བར་བརྟེན། འཁྱགས་ན་གནོད་པས་ཆུ་དྲོད་འཇམ་གྱིས་སོ་བཀྲུ་དགོས། དགུན་ཁ་སོ་མ་བཀྲུས་གོང་རབ་བྱུང་ན་སྔོན་ལ་སོ་འཁྲུ་ཆུ་དྲོན་མོའི་ནང་སྦང་དགོས། དེ་ལྟར་བྱས་ན་ཆུ་གྲང་མོས་སོ་དང་སོ་རྙིལ་ལ་གནོད་མི་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།