[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྱེད་ཀྱིས་ཐོབ་ཐང་ལག་ཁྱེར་ཨང་གྲངས་ཀྱི་གོ་དོན་ཤེས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    111332.jpg

    ཨང་གྲངས་སྒྲིག་སྟངས།

    ཐོབ་ཐང་ལག་ཁྱེར་ཨང་གྲངས་ཨང་ཀི་18ལས་གྲུབ་པ་སྟེ།  

    1.མདུན་གྱི་ཨང་ཀི་1པོ་དང་2པ་ནི་སྡོད་ཡུལ་དེ་གའི་ཞིང་ཆེན་གྱི་ཨང་ཚབ་ཡིན།

    2.མདུན་གྱི་ཨང་ཀི་3པ་དང་4པ་ནི་སྡོད་ཡུལ་དེ་གའི་གྲོང་ཁྱེར་གྱི་ཨང་ཚབ་ཡིན།

    3.མདུན་གྱི་ཨང་ཀི་5པ་དང་6པ་ནི་སྡོད་ཡུལ་དེ་གའི་ཆུས་དང་རྫོང་གི་ཨང་ཚབ་ཡིན།

    4.ཨང་ཀི་7པ་ནས་14བར་ནི་སྐྱེས་པའི་ལོ་ཟླ་ཚེས་གྲངས་ཀྱི་ཨང་ཚབ་ཡིན།  ཨང་ཀི་7、8、9、10ནི་ལོ་མཚོན་པ་དང་།  11、12ནི་ཟླ་བ་མཚོན།  13、14ཉིན་མོ་མཚོན་པ་བཅས་ཡིན།

    5.ཐོབ་ཐང་ལག་ཁྱེར་ཨང་གྲངས་15དང་17དེ་ནི་ས་གནས་གཅིག་པའི་ཁུལ་དང་སྐྱེས་ཚེས་གཅིག་པ་ཡིན་པའི་མིའི་གོ་རིམ་གྱི་ཨང་རྟགས་ཡིན།

    6.དེ་ཡང་ཨང་གྲངས་17དེས་ཕོ་མོ་དབྱེ་འབྱེད་ཀྱི་ནུས་པ་ལྡན་ཡོད་པས་ཡ་གྲངས་ཀྱིས་ཕོ་ཡིན་པ་མཚོན་ལ་ཆ་གྲངས་ཀྱིས་མོ་ཡིན་པ་མཚོན།

    7.ཨང་གྲངས་18དེ་ནི་དག་བཤེར་ཨང་ཡིན་པ་དང་དེ་ཨང་གྲངས་0ནས་9ཡིན་ཆོག་ལ་སྐབས་རེ་Xཡིས་ཀྱང་མཚོན།

    མཇུག་མའི་ཨང་རྟགས་Xཅི་ཡིན་ནམ།

    དེ་མཇུག་མའི་དག་བཤེར་ཨང་གྲངས་ཡིན་ལ་ཨང་གྲངས་བཟོ་སྒྲིག་ཚན་པས་གཅིག་གྱུར་གྱི་རྩིས་རྒྱག་སྤྱི་འགྲོས་ལས་བྱུང་བ་དང་གལ་ཏེ་མི་ག་གེ་མོའི་ཐོབ་ཐང་ལག་ཁྱེར་ཨང་གྲངས་མཇུག་མ་དེ་0ནས་9བར་ཡིན་ཚེ་ཨང་རྟགས་Xདོན་མི་སྲིད།  འོན་ཀྱང་གལ་ཏེ་མཇུག་མའི་ཨང་གྲངས་10ཡིན་ཚེ་ཨང་རྟགས་Xཡིས་ཚབ་བྱེད་དགོས།  གང་ལགས་ཤེ་ན་མི་ག་གེ་མོ་དེའི་ཐོབ་ཐང་ལག་ཁྱེར་ཨང་ཀི་19འགྱུར་སྲིད་པས་དེས་རྒྱལ་ཁབ་ཀྱི་ཚད་གཞི་དང་འགལ་བ་མ་ཟད་རང་རྒྱལ་གྱི་རྩིས་རྒྱག་འཕྲུལ་འཁོར་མ་ལག་གིས་ཀྱང་ངོས་ཟིན་མི་ཐུབ།  ཨང་རྟགས་Xདེ་ནི་རོ་མའི་ཨང་ཀི་10ཡིན་པས་Xཡིས་ཨང་ཀི་10ཚབ་བྱེད་པས་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་རྒྱུར་འགན་ལེན་བྱ་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།