[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

    ​ གཟའ་འཁོར་འདིའི་ནང་གངས་འབབ་མང་བ་དང་ལྷོ་ནུབ་རྒྱུད་དུ་གངས་ཆེན་པོ་འབབ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2018ལོའི་ཟླ་2ཚེས་12ནས་ཚེས་18ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་རྩ་མདའ་ནས་གཉའ་ནང་རྒྱུད་དུ་གངས་ཆེན་པོ་འབབ་རྒྱུ། གཟའ་ལྷག་པ་དང་ཕུར་བུར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་ཆབ་མདོར་གངས་ཆུང་བ་འབབ་རྒྱུ། ཡར་ཀླུང་གཙང་པོའི་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ། གཟའ་མཇུག་ཏུ་ཉིང་ཁྲི་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ནག་ཆུ་དང་། ཆབ་མདོ། ལྷ་ས། ལྷོ་ཁ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་ལྷོ་རྒྱུད་མཐའ་མཚམས་ཀྱི་ས་ཆ་ཁག་གཅིག་ཏུ་ལྷགས་པ་ཆེན་པོ་རིམ་པ་7ནས་9བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་5ནས་8བར་རྒྱག་རྒྱུ་དང་ཕྱི་དྲོ་ཐལ་རྡུལ་འཚུབ་མང་བ། གངས་བབས་རྗེས་དྲོད་ཚད་ཏུའུ་3ནས་8བར་ཆག་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་དུ་གངས་བབས་ནས་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་རླངས་འཁོར་གཏོང་སྐབས་ཡིད་གཟབ་བྱེད་དགོས།

    2.གཟའ་འཁོར་འདིའི་ནང་ལྷགས་པ་ཆེན་པོ་རྒྱག་མང་བས་ལྷགས་པ་ཆེན་པོའམ་ཡང་ན་བྱེ་རྡུལ་འཚུབ་ནས་འགྲིམ་འགྲུལ་དང་ཁང་ཕྱིའི་སྒྲིག་བཀོད་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་སྔོན་འགོག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།