[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གལ་ཏེ་ཁྱེད་ཀྱི་དབུ་སྐྲ་བུད་ན་འདི་ལྟར་གནང་དགོས་ཀྱི་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-01

    དེ་ཡང་གལ་ཏེ་ཁྱེད་ཀྱི་དབུ་སྐྲ་བུད་ན། སྐྲ་འཁྲུ་སྐབས་ཆུ་དྲོད་འཇམ་ལ་ཚུའུ་ཏོག་ཙམ་བླུགས་ནས་རྒྱུན་གཏན་ལྟར་བཀྲུས་ན་སྐྲ་འབུད་མི་འགྲོ།  ཡང་དེ་མིན།  སྐྲ་ལ་དག་རྫས་ཏོག་ཙམ་བྱུགས་ནས་ལྦུ་བ་ལངས་རྗེས་ཚུའུ་ཧའོ་ཧྲེང་10ནས་20ཙམ་ཐད་ཀར་བྱུགས་པ་དང་སྐར་མ་3ནས་5ཙམ་འཕུར་རྗེས་ཆུ་བཤལ་གཙང་མ་གཏོང་དགོས། དེ་ལྟར་གཟའ་འཁོར་གཉིས་ཙམ་རྒྱུན་འཁྱོངས་བྱས་ན་སྐྲ་འབུད་མི་འགྲོ།

    གལ་སྲིད་སྐྲ་མང་པོ་བུད་ན། ངེས་པར་དུ་གོང་གསལ་གྱི་ཐབས་ཤེས་རྣམས་སྤྱད་པའི་ཁར། ད་དུང་ཟས་རིགས་ལའང་དོ་སྣང་མང་ཙམ་བྱེད་དགོས་པ་དཔེར་ན། རྒྱུན་དུ་སྲན་སེར་དང་། སྲན་ནག སྒོ་ང་། ཉ་ཤ  ཤཱ་མི། བ་དམ་བཙོས་མ། པོའོ་ཚལ། ཤིང་ཏོག་ངང་ལག་སོགས་མང་ཙམ་བཟའ་དགོས།  དེས་སྐྲ་མ་བུད་སྔོན་འགོག་ཐུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།