[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་སའི་ལམ་ཁག་གཅིག་ཕྱེད་བཀག་སྡོམ་བྱ་རྒྱུ་རེད་འདུག་པས། ཁ་ལོ་བ་ཚོས…

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-12

    ལྷ་ས་གྲོང་ཁྱེར་གྱི་མདོང་ལམ་དྲ་བ་སྒྱུར་བཀོད་དང་རིག་ལྡན་ཆུ་ལས་རྣམ་གྲངས་ནི་ངེད་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གྲོང་མིའི་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད་ལ། གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་བཏང་ནས་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་གལ་ཆེན་གྱི་རྣམ་གྲངས་ཤིག་ཀྱང་རེད། ཨར་ལས་བྱ་ཡུལ་གྱི་ཆ་རྐྱེན་ལ་ཚོད་འཛིན་ཕོག་པས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལྡན་ལ། གོ་རིམ་ལྡན་པའི་ངང་ཤར་བགྲོད་ཐུབ་པ་དང་། ལས་གྲྭ་འཛུགས་སྐྲུན་བདེ་བླག་ཡོང་ཆེད། གྲོང་ཁུལ་གྱི་འགྲོ་ལམ་ཁག་གཅིག་གི་གཞོགས་གཅིག་བཀག་སྡོམ་བྱ་རྒྱུ་ཡིན་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུའི་གཏན་འབེབས་གཞིར་བཟུང་། དམིགས་གསལ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

    གཅིག  2018ལོའི་ཟླ་3ཚེས་10ཉིན་ནས་31ཉིན་བར་གནས་སྐབས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་རྒྱུ།

    གཉིས། འགྲིམ་འགྲུལ་དོ་དམ་ཚོད་འཛིན་གནས་སྐབས་བྱེད་པའི་ལམ་དུམ་གླིང་སྐོར་ལམ། (སྦྲག་སྲིད་འཕྲིན་གཏོང་ཐོག་བརྩེགས་ཁང་ཆེན་གྱི་ལམ་མདོའི་ནུབ་ངོས་ཀྱི་གྲོང་ཁྱེར་སྤྱི་བདེ་ཅུས་རྙིང་པའི་ལམ་མདོ་བར་དང་། གྲོང་ཁྱེར་སྤྱི་བདེ་ཅུས་རྙིང་པའི་ལམ་མདོ་ནས་ཧྥུའུ་ཁང་སྨན་ཁང་གི་ལམ་མདོ་བར། ཧྥུའུ་ཁང་སྨན་ཁང་གི་ལམ་མདོ་ནས་ཟངས་གཡག་གི་ལམ་མདོ་བར་བཅས་རེད)

    གསུམ། འགྲིམ་འགྲུལ་དོ་དམ་ཚོད་འཛིན་གནས་སྐབས་བྱེད་པའི་ཐབས་ཤེས་ནི་ལམ་དུམ་གཞོགས་གཅིག་བཀག་ནས་ཨར་ལས་བྱ་རྒྱུ་ཡིན་པས། རྒྱ་ཆེའི་ཁ་ལོ་བས་འགྲིམ་འགྲུལ་ཉེན་རྟོག་པ་དང་དེ་བཞིན་གནས་ས་དེ་རང་གི་འགྲིམ་འགྲུལ་བདེ་འཇགས་སློབ་སྟོན་པའི་བཀོད་འདོམས་ལ་ཉན་ཏེ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཡོང་བ་བྱེད་དགོས།

    བཞི། ཨར་ལས་ལམ་དུམ་གྱི་གྲོང་མི་དང་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པས《བརྡ་ཁྱབ》འདི་གཞིར་བཟུང་སྔོན་ཚུད་ནས་འགྲོ་སྐྱོད་སོགས་བཀོད་སྒྲིག་ཡག་པོ་བྱེད་པ་མ་ཟད། འགྲོ་སྐྱོད་ཅུང་བདེ་བའི་ལམ་འདེམས་རོགས་ཞུ།

    ལྔ། བརྡ་ཁྱབ་འདི་ལས་འགལ་ཚེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

    དྲུག  དེའི་རིང་འགྲོ་སྐྱོད་སྟབས་བདེ་མི་ཡོང་བས་དགོངས་འགལ་མེད་པ་ཞུ།  དམིགས་སུ་བརྡ་ཁྱབ་འདི་བཏང་བ་ཡིན།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།

    2018ལོའི་ཟླ་3ཚེས་10ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།