[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལུས་པོ་ཐང་དུ་གཏོང་བ་དང་ནད་ཡམས་འགོག་པའི་ཐབས་མཆོག་གསུམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    ཉི་འོད་དང་། མཁའ་རླུང་། ཆུ་བཅས་ནི་ལུས་པོར་སྦྱོང་བརྡར་བྱེད་པའི་ཐབས་མཆོག་གསུམ་ཡིན། སྨུག་ཕྱིའི་འོད་ཟེར་གྱིས་བྱིས་པར་ནད་མི་ཕོག་པའི་སྔོན་འགོག་ཐུབ་པ་དང་། སྨུག་ཕྱིའི་འོད་ཟེར་ལ་ནད་འབུ་གསོད་པ་དང་དུག་སེལ་གྱི་ནུས་པ་ལྡན་པ་མ་ཟད། ད་དུང་མིའི་གཟུགས་པོར་ཁྲག་སྐྱེ་བ་དང་ཁྲག་འཁོར་རྒྱུག་ལ་ནུས་པ་ཆེན་པོ་ལྡན་ཡོད།

    མཁའ་རླུང་གཙང་མའི་ཁྲོད་གསོ་རླུང་འདང་ངེས་ཡོད་པ་དང་དེ་ནི་མིའི་གཟུགས་པོ་དང་ལྷག་པར་དུ་ཀླད་པར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། བྱིས་པའི་ཀླད་པ་འཚར་ལོངས་མྱུར་པོ་ཡོད་པས། གསོ་རླུང་ཟད་ཚད་བལྟོས་བཅས་དར་མ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། དེར་བརྟེན་མཁའ་རླུང་སོས་པ་འབྱིན་རྔུབ་བྱེད་དགོས་ཀྱི་ཡོད། མཁའ་རླུང་གྲང་མོས་མིའི་གཟུགས་པོའི་དྲོད་ཚད་སྙོམས་སྒྲིག་གི་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་གྲང་ཟུག་བཟོད་ནུས་ཆེ་རུ་འགྲོ་ཐུབ། ཆུའི་ཚ་དྲོད་འཕེལ་བའི་ནུས་པ་དེ་མཁའ་རླུང་ལས་ཀྱང་ལྡབ་28ཀྱིས་ཆེ་བ་ཡོད་པ་དང་། ཆུ་གྲང་མོས་དབང་རྩའི་མ་ལག་གི་ངར་ལངས་རང་བཞིན་ཆེ་རུ་གཏོང་ཐུབ་པ་དང་དབང་པོ་འགུལ་སྐྱོད་བྱེད་ནུས་ཆེ་རུ་ཕྱིན་ནས་མིའི་གཟུཌ་པོའི་གྲང་ཟུག་བཟོད་ནུས་ཆེ་རུ་གཏོང་ཐུབ།

    འཁྲུད་གསུམ་སྦྱོང་བརྡར་བྱེད་པ་ནི་དུས་རྒྱུན་གྱི་འཚོ་བ་དང་། ལུས་གསོ། རོལ་རྩེད། ལུས་རྩལ་སོགས་དང་ཟུང་འབྲེལ་བྱེད་དགོས། ཁང་པའི་ཕྱི་རོལ་དུ་འགུལ་སྐྱོད་བྱེད་སྐབས་ཉི་འོད་དང་མཁའ་རླུང་སོས་པ་ཡོང་གི་ཡོད། གནམ་གཤིས་ཡག་པོ་དགོས་པ་ཕུད་ལོ་གཅིག་དུས་བཞིར་མཐའ་འཁྱོངས་བྱས་ཆོག དུས་ཚིགས་དང་བྱིས་པའི་ལོ་ཚད་ལ་གཞིགས་ནས་ཁང་པའི་ཕྱི་རོལ་དུ་འགུལ་སྐྱོད་བྱེད་ཡུལ་དང་བྱ་ཐབས་གཏན་འཁེལ་བྱས་ཆོག དབྱར་དུས་རླུང་འགྲོ་ཡོད་པའི་བསིལ་གྲིབ་འོག་གི་སྨུག་ཕྱིའི་འོད་ཟེར་ནི་ཐད་ཀར་ཉི་འོད་ཕོག་ཚད་ཀྱི་40%ཡིན་པ་དང་། དགུན་ཁ་ཉི་མ་ཡོད་པ་དང་རླུང་བུ་མི་ལྡང་སར་ཉི་མ་སྲོ་བའམ་ཡང་ན་རོལ་རྩེད་རྩེད་སྐབས་ཉིན་ལྟར་ཁང་པའི་ཕྱིར་འགུལ་སྐྱོད་ཆུ་ཚོད་2ཙམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།