[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • རང་རྐྱ་འཕེར་བའི་གཤིས་ཀ་སྐྱེད་སྲིང་།

    ལོ2ནས་3གྱི་སྐབས། ཕྲུ་གུའི་རང་རྐྱ་འཕེར་བའི་གཤིས་ཀ་སྐྱེད་སྲིང་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-07

    ཕྲུ་གུ་ལོ་1ཟིན་རྗེས་རང་རྐྱ་འཕེར་ནུས་ཅུང་གསལ་པོ་ཡོད། དཔེར་ན། རང་ཉིད་ཀྱིས་ཐུར་མས་ཁ་ལག་ཟ་འདོད་བྱེད་པ་དང་། མི་རྒན་ལ་ལད་མོ་བྱས་ནས་གད་བདར་བྱེད་པ་དང་དེ་དུས་བྱ་བ་དེ་དག་ཡག་པོ་མི་ཤེས་ནའང་ཁྱིམ་བདག་གིས་ཕྲུ་གུར་ཐུར་མ་འཛིན་ཚུལ་དང་། གྱོན་པ་གོན་སྟངས། གདོང་དང་ལག་པ་འཁྲུ་སྟངས་སོགས་སློབ་དགོས། སྤྱིར་ན་དེ་དུས་ཕྲུ་གུས་བྱ་བ་དེ་རིགས་ཡག་པོ་མི་ཤེས་ཀྱང་ཁྱིམ་བདག་གིས་མཛུབ་ཁྲིད་བྱས་ནས་ཕྲུ་གུར་ལམ་ལྷོང་གི་སྤྲོ་སྣང་སྦྱིན་དགོས་པ་དང་། ཕྲུ་གུ་སོ་སོའི་སྟོབས་ཤུགས་ངེས་སུ་བཅུག་ནས་རང་འགུལ་ངང་སློབ་སྦྱོང་དང་རང་རྐྱ་འཕེར་བའི་ངང་འཚོལ་ཞིབ་ཐུབ་པར་ལྕག་སྐུལ་བྱེད་དགོས། གལ་སྲིད་ཁྱིམ་བདག་གིས་ཕྲུ་གུར་གཅེས་ཐལ་ཤོར་བ་དང་ལྟ་སྐྱོང་ཐལ་དྲགས་ན། ཕྲུ་གུའི་རང་རྐྱ་འཕེར་བའི་ནུས་པར་གནོད་ནས་ཐམས་ཅད་གཞན་ལ་བརྟེན་པའི་གཤིས་ངན་འཇགས་སྲིད།

    རང་རྐྱ་འཕེར་བའི་ནུས་པ་སྐྱེད་སྲིང་ནི་རིག་སྟོབས་འཕེལ་བར་སྐུལ་བའི་ཕྱོགས་གཅིག་རེད། ལག་པ་འགུལ་བ་དང་རྩལ་ནུས་སྦྱོང་བརྡར་གྱི་བརྒྱུད་རིམ་ནི་ངལ་རྩོལ་འདུ་ཤེས་སྐྱེད་སྲིང་བྱེད་པའི་བརྒྱུད་རིམ་ཡིན་ལ། རང་རྐྱ་འཕེར་བའི་རང་བརྟེན་གཤིས་ཀ་སྐྱེད་སྲིང་བྱེད་པའི་བརྒྱུད་རིམ་ཡང་རེད། དེས་སླད་ཕྱིན་གྱི་ཕྲུ་གུའི་སློབ་སྦྱོང་དང་འཚོ་བ། རྙོག་འཛིང་ཆེ་བའི་སྤྱི་ཚོགས་འཚོ་བ་བཅས་ལ་གོམས་རྒྱུར་ཧ་ཅང་ཕན་ཐོགས་ཡོད།

    དཔལ་འབྱོར་གོང་འཕེལ་མྱུར་པོ་འགྲོ་བ་དང་བསྟུན་སྤྱི་ཚོགས་ཀྱི་འགྲན་རྩོད་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས་རང་ཚུགས་ཐུབ་པའི་ངང་ཡར་བརྩོན་དང་། དཀའ་ངལ་ཁྱད་གསོད་ཐུབ་པ། རང་བཀུར་ཡིད་ཆེས་བྱེད་པ་བཅས་ནི་མ་འོངས་པའི་སྤྱི་ཚོགས་ལ་དེ་བས་ཀྱང་མཁོ་བའི་གཤིས་ཀའི་ཁྱད་ཆོས་རེད། དེར་བརྟེན་ཁྱིམ་བདག་རྣམས་ཀྱིས་ཆུང་དུས་ནས་ཕྲུ་གུའི་གཤིས་ཀ་ཡག་པོ་སྐྱེད་སྲིང་ལ་དོ་སྣང་བྱས་ཏེ་མ་འོངས་སྤྱི་ཚོགས་ཀྱི་ཤེས་ལྡན་རྩེར་སོན་དུ་འགྱུར་ཐུབ་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།