[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-12

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་ཆེ་ཙམ་འབབ་རྒྱུ་ཡིན་པས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    གཅིག  གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་6ཚེས་11ཉིན་ནས་17ཉིན་བར)

    གཟའ་ཟླ་བ་ནས་ལྷག་པའི་བར། ཉིང་ཁྲི་དང་ནག་ཆུར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ་དང་། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། མངའ་རིས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ་ཆུང་བ་འབབ་རྒྱུ།

    གཟའ་ཕུར་བུ་ནས་སྤེན་པའི་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དང་། ཆབ་མདོ། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་འཐིབ་ནས་ཆར་པ་ཆུང་བ་འབབ་རྒྱུ།

    གཟའ་ཉི་མར་ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཡར་ཀླུང་གཙང་པོའི་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཉིས། ཐོན་སྐྱེད་གྲོས་འགོ

    1.དབུས་ཤར་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཁུལ་དུ་རྒྱུན་མཐུད་ངང་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས་པ།

    2.གཟའ་འཁོར་འདིའི་ནང་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་རིམ་བཞིན་བསྟན་མང་བས་ཐོག་རྒྱག་པ་དང་སེར་བ་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་དོགས་ཟོན་བྱེད་དགོས་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།