[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་སར་ཐེམ་ཐོ་གསར་པ་བརྗེ་སྐབས་འདི་དག་ལ་དོ་སྣང་གནང་རོགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-06

    ཁྲིམས་ལུགས་ཀྱི་གཞི་འཛིན་ས།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེམ་ཐོ་ཐོ་འགོད་སྲོལ་ཡིག

    ཆ་རྐྱེན། 

    1.ཐེམ་ཐོའི་ནང་དོན་བཟོ་བཅོས་བརྒྱབ་པ། 

    2.ཐེམ་ཐོའི་དེབ་རྙིང་པ་ཆགས་པ། 

    3.ཐེམ་ཐོའི་ཐོ་འགོད་ཤོག་ལྷེ་ཁེངས་པ། 

    4.ཐེམ་ཐོ་བརླགས་པ། 

    5.རྒྱུ་མཚན་གཞན།

    སྙན་ཞུའི་དཔྱད་ཡིག

    ཐེམ་ཐོའི་དོ་བདག་ལས་གཉེར་ཚོམས་ཆེན་དུ་ཡོང་དགོས་པ་དང་། ཡོང་མི་ཐུབ་ཚེ་ཐེམ་ཐོའི་ཁོངས་མི་གཞན་དང་དེ་མིན་མི་གཞན་ལ་མངགས་ཏེ་གཉེར་ཆོག འོན་ཀྱང་ཐེམ་ཐོ་གནས་ཡུལ་གྱི་ཚན་པའམ་ཡང་ན་གྲོང་མི་ཨུ་ལྷན་གྱི་ངོ་སྤྲོད་ཡི་གེ་དགོས།

    གཉེར་བའི་བརྒྱུད་རིམ། 

    སྙན་ཞུ་འབུལ་བ་དང་། བདག་སྤྲོད། གཉེར་བ་བཅས་ཡིན།

    5 གཉེར་བའི་དུས་ཚོད།

    ཁས་བླངས་པའི་དུས་ཚོད་ནང་གཉེར་རྒྱུ།

    6 རིན་བསྡུའི་གཞི་འཛིན་ས་དང་ཚད་གཞི།

    ནོར་སྲིད་ཕྱོགས་བསྡུའི་ཡིག(2012)ལོའི་ཡིག་ཨང་97པའི་གཏན་འབེབས་གཞིར་བཟུང་། ཐེམ་ཐོ་གསར་པ་བརྗེ་སྐབས་རིན་པ་བསྡུ་ཡི་མེད། འོན་ཀྱང་བརླགས་པའམ་རལ་ནས་བསྐྱར་དུ་གཉེར་ན་སྒོར་དྲུག་བསྡུ་རྒྱུ་རེད། 

    བདག་སྤྲོད་དུས་ཚོད།

    ཁྲིམས་ལུགས་ཀྱི་གཏན་འཁེལ་བྱས་པའི་ལས་ཀའི་དུས་ཚོད།

    འབྲེལ་གཏུག་ཁ་པར།

    བློ་འདྲིའི་ཁ་པར་དང་ཐེར་འདོན་ཁ་པར། 6956636   

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།