[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གོམས་གཤིས་ངན་པས་ཁྱེད་ཀྱི་ལུས་པོ་ངལ་དུབ་ཀྱིས་མནར་སྲིད།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-13

    ཉལ་ནས་ཁ་པར་རྩེ་བ།

    གློག་ཀླད་དང་རིག་ནུས་ཁ་པར་སོགས་ཀྱི་བརྙན་ཤེལ་ནས་འཚེར་བའི་འོད་མདངས་སྔོན་པོས་ངོ་གདོང་གི་མདོག་རྒྱུ་ནག་པོ་ཕྱིར་འབུད་པར་འགོག་གི་ཡོད་པས། གཟུགས་པོ་སྙོམས་སྒྲིག་མ་ཐུབ་ནས་ངལ་དུབ་ངང་གིས་སྦྱིན་གྱི་ཡོད།

    གྲོས་འགོ  མ་ཉལ་གོང་གི་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ནས་ཁ་པར་རྩེད་མི་རུང་།  

    དགོང་མོ་མ་ཉལ་གོང་ཨ་རག་འཐུང་བ།

    ཨ་རག་གི་ཉིང་ཁུས་ཁྲག་གི་མངར་ཚི་ཉུང་དུ་གཏོང་བ་དང་ཆབས་ཅིག ཁྲག་འཁོར་རྒྱུག་འགོར་དུ་སོང་ནས་གཉིད་ཁུག་ཁག་ཏུ་འགྲོ་ཡི་ཡོད། གང་ཡིན་ཟེར་ན། ཨ་རག་གིས་མིའི་གཟུགས་པོར་ངར་སློང་བས་སོ།

    གྲོས་འགོ གཉིད་མ་ཉལ་གོང་གི་ཆུ་ཚོད་3ནས་4བར་ཨ་རག་འཐུང་རྒྱུ་མེད།

    གནད་དོན་ཆུང་ཙག་སེམས་ལ་བཞག་པ།

    གལ་སྲིད་ཁྱེད་ཀྱིས་རྟག་ཏུ་དོན་དག་ཆུང་ངུར་སེམས་ཁྲལ་བྱས་ནས་བསྡད་ན། སེམས་དང་ལུས་པོ་གཉིས་ཀར་ངལ་དུབ་སྦྱིན་སྲིད།

    གྲོས་འགོ སེམས་སྐྱིད་པོ་མེད་སྐབས་དབུགས་རིང་ཞིག་བཏང་ནས་སོ་སོས་སོ་སོར་དྲི་བ་བཏོན་ཏེ། བྱ་བ་གང་ཞིག་ཡིན་ཡང་ཐག་མི་ཆོད་པ་མེད་སྙམ་ན་ལུས་པོ་བདེ་རུ་འགྲོ་ཡི་ཡོད། དེས་མ་ཚད་དུས་ཚོད་ཡོད་ཕྱིན་ཕྱི་རོལ་ཏུ་ལུས་སྦྱོང་བྱེད་པར་བསྐྱོད་པ་དང་། རོགས་པ་དང་མཉམ་དུ་ཅི་འཕྲོས་མོས་འཕྲོས་བྱས་ན་སེམས་བདེ་རུ་འགྲོ་ཡི་ཡོད།

    གཞན་གྱི་རེ་བ་ཚང་མ་ཁས་བླངས་ན་རང་ལ་དཀའ་ལས་བཟོ་སྲིད།

    གཞན་གྱིས་བཏོན་པའི་རེ་བ་ཚང་མ་ཁས་བླངས་ན། རང་གི་སེམས་ཁག་པོ་ཡོང་བ་མ་ཟད་ལུས་པོར་ཡང་གནོན་ཤུགས་ངེས་ཅན་ཞིག་སྦྱིན་གྱི་ཡོད་པས། དགེ་ལས་སྐྱོན་མང་ཞིང་། གཞན་གྱི་རེ་བ་སྒྲུབ་ཐུབ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཕན་ཚུན་ཞེ་འགྲས་འཁོན་འགྲས་ཡོང་སྲིད།

    གྲོས་འགོ གཞན་གྱི་རེ་བ་དེ་རང་ཉིད་ཀྱི་ཚད་ལས་བརྒལ་བའི་བྱ་བ་ཡིན་ཙ་ན་ཁས་ལེན་རྒྱུ་མེད། མ་གསང་དྲང་པོར་བརྗོད་ན་ཕན་ཚུན་གཉིས་ཀར་ཕན་ཐོགས་ཤིང་གཞན་གྱི་དུས་ཚོད་ཀྱང་འཕྲོ་བརླག་འགྲོ་མི་སྲིད།

    ཐམས་ཅད་ཡག་པོ་སྒྲུབ་སྙམ་པ།

    ཉིའུ་གཡོད་སློབ་ཆེན་གསོ་རིག་སློབ་གླིང་གི་སྨྱོ་ནད་རིག་པའི་དགེ་རྒན་ཆེ་མོ་བ་ཞིག་གིས་གསུངས་དོན། བྱ་བ་ཐམས་ཅད་ཡག་ཐོག་ཡག་བརྩེགས་སྒྲུབ་བསམས་ན་ལས་ཀ་སྔར་ལས་ཁག་ཏུ་འགྲོ་རྒྱུ་ཡིན་ལ་དུས་ཚོད་ཀྱང་རིང་པོ་འགོར་སྲིད།

    གྲོས་འགོ ལས་ཀ་སྒྲུབ་པའི་དུས་ཚོད་ལ་ཚད་འགག་བཟོས་པ་དང་ངེས་པར་དུ་འཆར་གཞི་ལྟར་ལག་ལེན་བསྟར་དགོས། དེ་ལྟར་མ་བྱས་ཚེ་ཡུན་རིང་པོ་སོང་ནའང་ལས་ཀར་ཕན་འབྲས་ཐོན་རྒྱུ་ལྟ་ཅི། དུས་ཚོད་ཀྱང་རིང་པོ་འགོར་སྲིད།

    གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་ཅ་ལག་ཟང་ཟིང་འཇོག་པ།

    ཕུར་ལིན་སི་ཏུན་སློབ་ཆེན་གྱི་ཞིབ་འཇུག་ལས་མངོན་དོན། གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་དུ་ཅ་ལག་ཟང་ངེ་ཟིང་ངེར་བཞག་ཚེ་བློ་རྩེ་གཅིག་སྒྲིམ་ཐུབ་དཀའ་བ་མ་ཟད་བསམ་བློ་ཡང་རྒྱ་ཆེན་པོ་གཏོང་ཐུབ་ཀྱི་མེད།

    གྲོས་འགོ ཡིག་ཆ་སོགས་ལས་ཀའི་དགོས་མཁོ་བཞིན་བསྡུ་གསོག་ཡང་སེ་རྒྱག་པ་དང་གྲལ་སྒྲིག་པོར་བཞག་ན། སྣང་བ་སྐྱིད་པོ་ཡོང་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།