[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྲུས་ལ་ཞུགས་སྐབས་སྐར་མ་རྀ་ཥིའི་འབྱུང་སྟངས་མ་བརྗེད་པ་གནང་རོགས།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-13

    སྐར་མ་རྀ་ཥི་ནི་བོད་རིགས་རྣམས་ཁྲུས་བྱེད་པའི་དུས་སྟོན་ཞིག་ཡིན་ཞིང་། དེའི་རིང་ཁྲུས་བྱས་ན་ནད་རིགས་སྔོན་འགོག་དང་ལུས་ཁམས་བདེ་ཐང་སོགས་ཀྱི་ཕན་ཡོན་ཡོད་པས་ཆབ་ཞུགས་དུས་ཆེན་ཡང་ཟེར་གྱི་ཡོད། རྩིས་གཞུང་ལས། སྐར་མ་རྀ་ཥི་འཆར་བའི་ཉིན་དེ་ནས་བཟུང་། ཞག་བདུན་རིང་ཆུ་རླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་འགྱུར་བས་སྨན་དཔྱད་དང་ཁྲུས་ལ་ཞུགས་ན་དགེ་ཞེས་བསྟན་པ་ཇི་བཞིན། བོད་ཟླ་བརྒྱད་པར་སྐར་མ་རྀ་ཥི་འཆར་བའི་དུས་སུ། མི་རྣམས་ཀྱིས་སྟོན་ཆུ་བརྒལ་བའི་དུས་ཚོད་ཡག་ཤོས་ལ་བརྩིས་ནས། རོ་བཅུད་ལྡན་པའི་བཟའ་རིགས་གྲ་སྒྲིག་འཐུས་ཚང་བྱས་ཏེ། དགའ་ཉེ་བློ་དཀར་མཉམ་སྡེབས་ཐོག་ཆུ་ཚན་ཁག་ལ་ནད་བཅོས་བྱེད་པར་འགྲོ་བ་དང་། དེ་མིན་མང་ཆེ་བས་ཡུལ་ལུང་སོ་སོའི་གཙང་པོ་དང་ཆུ་བོ་ཁག་ལ་ཁྲུས་བྱེད་པ། མལ་གདན་གྱོན་ཆས་འཁྲུད་པ་སོགས་བྱེད་ཀྱི་ཡོད། དེ་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་འཚོ་བའི་གོམས་གཤིས་ཤིག་རེད། རང་རེའི་མེས་པོ་རྣམས་ཀྱི་བཤད་སྲོལ་ལ། སྐར་མ་རྀ་ཥི་འཆར་རིང་ཆུ་བརྒལ་ན་ནད་རིགས་སྔོན་འགོག་གི་ནུས་པ་ཡོད་ཅེས་དང་། ལྷག་པར་དུ་ཆུ་ཚན་ལ་བདུན་ཁ་ཤས་འགྲོ་ཐུབ་ན་ནད་བཅོས་ཀྱི་ནུས་པ་ལྡན་ཟེར་བ་སོགས་མང་དུ་ཡོད་ལ། གོམས་གཤིས་འདི་རིགས་ད་བར་དུ་མ་ཉམས་རྒྱུན་འཛིན་བྱུང་ནས། སྐར་མ་རྀ་ཥི་ཡི་རིང་བོད་ཁུལ་གྱི་མང་ཚོགས་རྣམས་ཀྱིས་གོས་འཁྲུད་གཟུགས་གསོ་ལ་བྲེལ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།