[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྱེད་ལ་གཱ་འདི་རག་བྱུང་ངམ། རག་ན་གནས་འདིར་ཐེངས་1སྐྱོད་དགོས་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཁ་ས། གསར་འགོད་པར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་9ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་10000ལྷག་ཙམ་སྤྲད་ཟིན་པ་མ་ཟད། ད་དུང་བོད་ལྗོངས་དངུལ་ཁང་དང་མཉམ་དུ་ལྷ་ས་གྲོང་ཁུལ་དུ་སྤྱི་ཚོགས་འགན་སྲུང་གཱ་དངོས་སུ་སྤྱོད་ཆོག་པའི་བཟོ་ས་4བཙུགས་པས། གྲོང་མིར་གཱ་རག་རྗེས་ཉེ་འཁོར་གྱི་གཱ་དངོས་སུ་སྤྱོད་ཆོག་པ་བཟོ་སར་ལས་སྒོ་འདི་གཉེར་བར་སྐྱོད་ཆོག

    微信图片_20181011102815.jpg

    གྲོང་མིས་གཱ་གསར་པ་དངོས་སུ་སྤྱོད་རྒྱུ་ཡོད་པ་བཟོ་བཞིན་པ།

    སྤྱི་ཚོགས་འགན་སྲུང་གཱ་དངོས་སུ་སྤྱོད་ཆོག་པ་བཟོ་ས་4ཡི་ཞིབ་ཕྲའི་ས་གནས་དང་འབྲེལ་གཏུག་ཁ་པར་གཤམ་གསལ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས།

    གནས་ཡུལ། ལྷ་ས་གྲོང་ཁྱེར་གླིང་སྐོར་ཤར་ལམ་སྒོ་རྟགས་ཨང་38པ། (གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཁ་སྤྲོད་ཡས་མས)

    འབྲེལ་གཏུག་ཁ་པར། 0891-6403316

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དོན་གཅོད་ཁང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར་ཀརྨ་དགོན་གསར་ལམ། (གཅིག་འཛུགས་སྡེ་ཁུལ)

    འབྲེལ་གཏུག་ཁ་པར། 0891-6729019

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་མི་དམངས་སྲིད་གཞུང་། 

    གནས་ཡུལ། ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་སྒོ་རྟགས་ཨང་70པའི་ཞོར་གཏོགས་ཨང་དང་པོ། 

    འབྲེལ་གཏུག་ཁ་པར། 0891-6503800

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁང་།  

    གནས་ཡུལ། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་སྒོ་རྟགས་ཨང་89པ། (དམག་སྡེ་བཅུ་དྲུག་པའི་ཁ་སྤྲོད་ཀྱི་སྲང་ལམ)

    འབྲེལ་གཏུག་ཁ་པར། 0891-6809175

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།