[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཆུ་ཤུར་སྲོག་ཆགས་གླིང་ལ་སྐྱོད་མཁན་ཚོས་གཏམ་བཟང་འདི་ཐོས་བྱུང་ངམ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-02

    སྤྲོ་འཆམ་ཡུལ་སྐོར་དང་། ཚན་རིག་ཁྱབ་གདལ་སློབ་གསོ། སྲོག་ཆགས་གནས་སྤོ་སྲུང་སྐྱོང་བཅས་གཞི་གཅིག་ཏུ་སྡུད་པའི་ཆུ་ཤུར་སྲོག་ཆགས་གླིང་གིས་རྩ་ཆེ་ལ། མཐོང་དཀོན་པའི་སྲོག་ཆགས་མི་མང་པོས་རྒྱུས་མངའ་ལོན་པའི་ཆེད་དུ། འདི་ལོ་སྲོག་ཆགས་དབྱི་དཀར་དང་། ཝ་སྤྲེའུ་མཇུག་རིང་། སེང་གེ དྲེད་མོང་། སྟག་སོགས་རིམ་བཞིན་འདྲེན་འདུག 

    དེ་མིན། སྒེག་ཉམས་དོད་པའི་རྨ་བྱ་དང་། གཟུགས་སྟོབས་ཆེ་བའི་རྔ་མོང་། པྲ་ཚགས་ཅན་གྱི་སྤྲེའུ། གཤོག་རྩལ་རྒྱས་པའི་ཁྲུང་ཁྲུང་སྐེ་ནག་བཅས་དང་། དེ་བཞིན་སྤྱང་ཀི་དང་། རྔ་མོང་བྱ། དགོ་བ་སོགས་སྲོག་ཆགས་30ལྷག་ཙམ་གྱིས་ཀྱང་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དབང་པོ་ཅིག་ཅར་འཕྲོག་གི་ཡོད། ཆུ་ཤུར་སྲོག་ཆགས་གླིང་གི་འབྲེལ་ཡོད་འགན་འཁུར་བ་ཞིག་གིས“མིག་སྔར་སྲོག་ཆགས་གླིང་གི་ནུས་པ་སྔར་བས་ཆེ་རུ་གཏོང་བཞིན་ཡོད་ལ། མི་རིང་བར་སྲོག་ཆགས་དེ་བས་མང་བ་ཕྱི་ནས་འདྲེན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་། སྲོག་ཆགས་གླིང་དེར་རྒྱ་ཁྱོན་མུའུ་1200ལྷག་ཙམ་ཡོད་པ་དེ་དག་དུས་ཐེངས་གསུམ་ལ་ཕྱེ་ནས་འཆར་འགོད་བྱས་ཡོད་ཅིང་། ད་ལྟ་ས་མཐོའི་སྐྱེ་དངོས་ཉམས་ལེན་ཁུལ་དང་། ཤྭ་བ་ཁྲ་རིས་གསོ་ཚགས་ཁུལ། རྩ་ཆེ་ཞིང་མཐོང་དཀོན་པའི་སྲོག་ཆགས་འགྲེམས་སྟོན་ཁུལ། གཅན་གཟན་ཁུལ། བྱིས་པའི་རོལ་རྩེད་ཁུལ། གླིང་ཁ་གཏོང་ཁུལ་སོགས་ཡོད་པ་མ་ཟད། བོད་ཀྱི་ཉམས་འགྱུར་ལྡན་པའི་གསོལ་མགྲོན་ཁང་ཡང་ལས་གཉེར་བྱེད་ཀྱི་ཡོད། 

    2018ལོའི་ཟླ་11ཚེས་1ཉིན་ནས་2019ལོའི་ཟླ་3ཚེས་15ཉིན་བར་ཆུ་ཤུར་སྲོག་ཆགས་གླིང་གི་སྤ་སེ་ཉོ་དགོས་ཀྱི་མེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།