[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-06

    གཟའ་ཟླ་བ་དང་མིག་དམར་ལ་ཤར་རྒྱུད་དུ་གངས་འབབ་རྒྱུ་ཡིན་པ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་11ཚེས་4ཉིན་ནས་ཚེས་11ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ལྷ་ས་དང་ལྷོ་ཁར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ཟླ་བ་ནས་ཕུར་བུའི་བར་ནུབ་ཕྱོགས་ནས་ཤར་ཕྱོགས་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་རྒྱུ།

    གཟའ་མཇུག་ཏུ་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབ་རྒྱུའམ་ཡང་ན་ཁ་འཐོར་རང་བཞིན་གྱི་གངས་སིམ་སིམ་འབབ་རྒྱུ།

    གཟའ་འཁོར་འདིར་བོད་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་གཞིས་རྩེའི་ས་ཆ་མང་ཆེ་བ་དང་། ལྷ་ས་དང་ལྷོ་ཁའི་བྱང་རྒྱུད་བཅས་སུ་ལྷགས་པ་རིམ་པ་6ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་དུས་འགོར་འཇོ་མདའི་རི་ཉིལ་ཁུལ་དུ་གངས་འབབ་རྒྱུ་ཡིན་པས་ཤུགས་རྐྱེན་ངན་པར་འགོག་ཟོན་བྱེད་དགོས།

    2.གཟའ་འཁོར་འདིར་གནམ་གཤིས་གྲང་དུ་འགྲོ་རྒྱུ་ཡིན་པས་གྲང་འགོག་དྲོད་སྲུང་ལ་ཤུགས་སྣོན་རྒྱག་དགོས།

    3.ལྷགས་པ་ཆེན་པོ་མང་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་གྲོང་མིས་བདེ་འཇཌ་ངང་མེ་སྤྱོད་རྒྱུར་ཤུགས་སྣོན་རྒྱག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།