[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྱིམ་དུ་དྲོད་རླངས་གཏོང་འདོད་ན། འདིར་ཁ་པར་རྒྱོབ་དང་།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-07

    微信图片_20181107112205.jpg

    གནམ་གཤིས་གྲང་དུ་ཕྱིན་པས་ལྷ་ས་དྲོད་རླངས་མཁོ་འདོན་ཚད་ཡོད་ཀུང་སིས་དྲོད་རླངས་མཁོ་འདོན་མ་བྱས་གོང་གི་ལས་ཀ་ཚང་མ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ཅིང་།  ལྷ་སའི་གྲོང་མིའི་དགོས་མཁོ་སྐོང་ཆེད། མིག་སྔའི་བར། ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་ཀྱིས་རང་བྱུང་སོལ་རླངས་སྨི་ངོས་གྲུ་ཁྲི་100བསགས་ཡོད། དེས་མ་ཚད། ཉིན་ལྟར་གོར་མོ་ནས་ལྷ་སར་སོལ་རླངས་མོ་ཊ་གསུམ་ནས་བཞི་དབོར་གྱི་ཡོད། བདེ་འཇགས་ངོས་ནས་བརྗོད་ན། དྲོད་རླངས་ཀུང་སིས་སོལ་རླངས་མདོང་ལམ་ལ་སྐོར་ཞིབ་མི་སྣ་གཏོང་ཚད་དང་སྐོར་ཞིབ་བྱེད་ཚད་མང་དུ་བཏང་ནས།  ལྷ་ས་གྲོང་ཁུལ་གྱི་སོལ་རླངས་མདོང་ལམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲོད་རླངས་རྒྱུན་གཏན་ལྟར་མཁོ་འདོན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    ལྷ་ས་དྲོད་རླངས་ཀུང་སིའི་ཁྲོམ་རའི་ཞབས་ཞུ་པུའི་ཅིང་ལི་ཧོ་ཡུང་གིས་མིག་སྔར་ལྷ་ས་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་མཁོ་སྤྲོད་བྱེད་ཚད་སྨི་ངོས་གྲུ་ཁྲི་5ཙམ་ཟིན་ཞིང་། དགུན་ཁ་ཤར་བ་དང་སྦྲགས། སོལ་རླངས་བེད་སྤྱོད་ཚད་ཉིན་རེ་བཞིན་ཇེ་མཐོར་འགྲོ་གི་ཡོད།  “གྲོང་ཁུལ་རྙིང་པ་དང་གསར་འཛུགས་སྡོད་ཁང་ཁག་གཅིག་ལ་དྲོད་རླངས་བཏང་མེད་པ་ཕུད། དེ་བྱིངས་ཚང་མར་ཁྱབ་ཡོད”ཅེས་ངོ་སྤྲོད་བྱས་བྱུང་། 

    གལ་ཏེ་ཁྱེད་ཀྱི་ཁྱིམ་དུ་དྲོད་རླངས་བཏང་མེད་ན།  96188ལ་ཁ་པར་རྒྱོབ་དང་། ལས་དོན་པས་ཁྱེད་ཀྱི་སྔོན་མངགས་དུས་བཀག་གཞིར་བཟུང་སྒོ་རྩར་ཡོང་ནས། སོལ་རླངས་སྒྲིག་ཆས་སྙོམས་སྒྲིག་བྱས་ཏེ་དྲོད་རླངས་གཏོང་རོགས་བྱེད་ཀྱི་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།