[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • མོ་ཊའི་འཁོར་བྱང་ལ་སྤྲ་ལག་བརྩེས་ན་གྱོང་རང་གིས་འཁུར་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-28

    ཁ་ལོ་བ་ཉུང་ཤས་ཤིག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་ཆད་པར་གཡོལ་ཆེད། རྐང་བཙུགས་ནས་མོ་ཊའི་འཁོར་བྱང་འགེབས་པ་དང་། ཨང་གྲངས་རྫུན་མ་བཟོ་བ། ཨང་གྲངས་གསལ་པོ་མི་མཐོང་བ་བཟོ་བ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་འདོན་གྱི་ཡོད། 

    1.jpg

    ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མཚན་མོ་ཁོངས་གཏོགས་ཁུལ་དུ་ཞིབ་བཤེར་བྱེད་རིང་། འཇིབ་ཆུང་དམར་པོ་ཞིག་གི་མོ་ཊའི་ཨང་གྲངས་གསལ་པོ་མི་མཐོང་བས། གློག་མིག་གིས་སྤྱིར་ན་དབྱེ་འབྱེད་ཐུབ་ཀྱི་མེད། གནས་ཚུལ་དེ་ཤེས་མ་ཐག ཉེན་རྟོག་པས་སྔོན་ལ་མོ་ཊ་དེ་གཞོགས་གཅིག་ལ་ཁ་འགོག་ཏུ་འཇུག་པ་དང་ཆབས་ཅིག ཁོ་པའི་ལག་ཁྱེར་ལ་ཞིབ་ལྟ་བྱས་ནས་མོ་ཊའི་ཨང་གྲངས་གསལ་པོ་མི་མཐོང་བ་རང་གིས་ཤེས་སམ་ཞེས་དྲིས། 

    2.jpg

    དེའི་སྐབས་ཁོ་པ་དངངས་སྐྲག་དང་སྦྲགས་སྐད་ཆ་ལྡབ་ལྡིབ་ཏུ་གྱུར་ལ་གདོང་མདོག་ཀྱང་ལོག དེ་ནས་ཉེན་རྟོག་པས་དེའི་སྐོར་ལ་མུ་མཐུད་དྲིས་པས། མོ་ཊའི་ཨང་གྲངས་གསལ་པོ་མེད་པ་རང་གིས་ཤེས་ནའང་། སྟེས་དབང་གིས་ཉེན་རྟོག་པས་ཚོར་མི་སྲིད་སྙམ་ནས། ད་བར་ཨང་གྲངས་གསར་པ་བརྗེས་མེད་ཅེས་ལན་བཏབ། 

    3.jpg

    མིག་སྔར། 《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁ་ལོ་བ་དེར་ཁྲིམས་ལྟར་ལག་ཁྱེར་ནས་སྐར་མ་12འཐེན་པ་དང་དངུལ་ཆད་སྒོར་200བཏང་བ་མ་ཟད། ལག་ཁྱེར་A2ཀྱི་ཐོབ་ཐང་མེད་པར་བཟོས་པ་རེད། 

    ཤ་ཚའི་དྲན་སྐུལ། 

    《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་ཅུ་གོ་ལྔའི་ནང་གསེས་2པའི་གཏན་འབེབས་ལ་གཞིགས་ན། རྐང་བཙུགས་ནས་མོ་ཊའི་ཨང་གྲངས་འགེབས་པ་དང་གསལ་པོ་མི་མཐོང་བ་བཟོས་པའམ་ཡང་ན་མོ་ཊའི་ཨང་གྲངས་དུས་ཐོག་ལ་མ་བསྒར་ན། བཅའ་ཁྲིམས་འདིའི་དོན་ཚན་དགུ་ཅུ་པའི་གཏན་འབེབས་ལྟར། སྐར་མ་12འཐེན་པ་དང་དངུལ་ཆད་སྒོར་200གཏོང་གི་ཡོད་པ་མ་ཟད། ཁ་ལོ་བའི་ལག་ཁྱེར་Aདང་Bཡིན་ཕྱིན་རིམ་པ་གཅིག་གཅོག་གི་ཡོད། 

    དེར་བརྟེན། རྣམ་ཀུན་ནས་མོ་ཊའི་ཨང་གྲངས་ལ་བདག་གཅེས་དང་དུས་ཐོག་ཏུ་བསྒར་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།