[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ད་ལོ་མལ་གྲོ་གུང་དཀར་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུ་རེད་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-09

    ཟླ་1ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་སྒོར་སྒོར་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་བཀྲག་མདངས་འཚེར་ས་མང་ལ། 2019ལོའི་ལྷ་སའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད།

    ད་ལོའི་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ང་ཚོས་དོ་ཁུར་བྱེད་པའི་གནད་དོན་འདི་དག་འདུག   ཁྱེད་ཀྱིས་གཟིགས་ཨེ་བྱུང་།

    11.jpg

    སྟོད་ལུང་ཁུལ་གསར་དང་སྟག་རྩེ་ཁུལ་གསར་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ།

    22.jpg

    མལ་གྲོ་གུང་དཀར་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུ། 

    33.jpg

    གཙང་རལ་ཟམ་ཆེན་སྐྲུན་རྒྱུ།

    44.jpg

    ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་སྤོ་བར་སྐུལ་འདེད་གཏོང་རྒྱུ། 

    55.jpg

    ནོར་སྟོད་དང་། ལྕགས་རོང་། རྒྱ་མཚོ(དུས་ཐེངས་གཉིས་པ)སོགས་སྡོད་ཁང་སྐྱོ་ཁུལ་གསུམ་གྱི་སྒྱུར་བཀོད་རྣམ་གྲངས་སྐྲུན་ཚར་བ་བྱེད་རྒྱུ། 

    66.jpg

    ལྷུན་གྲུབ་ཕུག་ལམ་སོགས་ཀྱི་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ལས་དོན་མགྱོགས་མྱུར་སྒྲུབ་རྒྱུ། 

    77.jpg

    གྲོང་ཁུལ་དུ་རླངས་འཁོར་འཇོག་ས་1000གསར་དུ་བསྐྲུན་རྒྱུ་དང་ལམ་ཟུར་དུ་དུས་ཡུན་ཚད་བཀག་ཡོད་པའི་རླངས་འཁོར་འཇོག་ས་1000གསར་དུ་སྣོན་རྒྱུ། 

    88.jpg

    བུ་བཅོལ་ཁང་14དང་སློབ་ཆུང་5གསར་དུ་སྐྲུན་རྒྱུ།

    99.jpg

    སྤྱི་པའི་བོགས་གཏོང་ཁང་པ་6812སྐྲུན་རྒྱུ།

    110.jpg

    སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་6419ལ་སྒྱུར་བཀོད་བྱེད་རྒྱུ།

    111.jpg

    གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་255ལ་སྒྱུར་བཀོད་བྱེད་རྒྱུ། 

    112.jpg

    ཞང་ཞུང་རིག་གནས་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།