[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཡུལ་གཞན་གྱི་ཁ་པར་ཨང་གྲངས་མེད་པར་བཟོ་དགོས་ན་ས་ཆ་འདིར་བསྐྱོད་དགོས།

  • ཡོང་ཁུངས།   ​ བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-07

    གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོའི་ཟླ་3ཚེས་1ཉིན་ནས་བཟུང་། ཀྲུང་གོ་སྒུལ་བདེ་དང་། ཀྲུང་གོ་ལན་ཐུང་། ཀྲུང་གོ་གློག་འཕྲིན་བཅས་གཉེར་སྐྱོང་ཚན་པ་ཆེན་པོ་གསུམ་གྱིས་ཁ་པར་ཨང་གྲངས་ཡུལ་གཞན་ནས་མེད་པར་བཟོ་བའི་ཞབས་འདེགས་ལྷ་སར་དངོས་སུ་ཞུ་འགོ་ཚུགས་འདུག

    དེ་སྔོན། ཁ་པར་ཨང་གྲངས་མེད་པར་བཟོ་དགོས་ན། ཐོབ་ཐང་ལག་ཁྱེར་ཁྱེར་ནས་ངེས་པར་དུ་དང་ཐོག་ཨང་གྲངས་བཟོ་ཡུལ་གྱི་ལས་གཉེར་ཁང་དུ་འགྲོ་དགོས་པས། རྙོག་དྲ་ཧ་ཅང་ཆེན་པོ་ཡོད་མོད། འོན་ཏེ། ད་ལྟ་ལྷ་ས་ནས་ཡུལ་གཞན་གྱི་ཁ་པར་ཨང་གྲངས་མེད་པར་བཟོ་ཐུབ་པས། སྟབས་བདེ་རུ་ཕྱིན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགགས་ན། ལྷ་སའི་ལས་གཉེར་ཁང་ཚང་མ་ནས་ཡུལ་གཞན་གྱི་ཁ་པར་ཨང་གྲངས་མེད་པར་བཟོ་ཐུབ་ཀྱི་མེད་ལ། དུས་ཚོད་དང་དགོས་པའི་ལག་ཁྱེར་ཡང་འདྲ་ཡི་མེད།

    མགྱོགས་པོ་གཟིགས་དང་། ཁྱེད་ལ་ཕན་ཐོགས་ཡོང་སྲིད།

    ཀྲུང་གོ་སྒུལ་བདེ།

    0011.png

    དགོས་པའི་ལག་ཁྱེར། ཐོབ་ཐང་ལག་ཁྱེར།

    ས་གནས།

    བཅིངས་འགྲོལ་དཀྱིལ་ལམ་གྱི་སྒོ་རྟགས་ཨང་84པའི་སྒུལ་བདེའི་ལས་གཉེར་ཁང་།

    པེ་ཅིང་དཀྱིལ་ལམ་གྱི་སྒོ་རྟགས་ཨང་46པའི་སྒུལ་བདེའི་ལས་གཉེར་ཁང་།

    ཀྲུང་གོ་ལན་ཐུང་།

    00111.png

    དགོས་པའི་ལག་ཁྱེར། ཐོབ་ཐང་ལག་ཁྱེར།

    དུས་ཚོད། ཟླ་རེའི་ཚེས་5ནས་25ཉིན་བར།

    ས་གནས།

    པེ་ཅིང་དཀྱིལ་ལམ་གྱི་སྒོ་རྟགས་ཨང་18པའི་ལན་ཐུང་ལས་གཉེར་ཁང་།

    ཐེན་ཧའེ་ལམ་དང་འདམ་ར་ལམ་སྦྲེལ་མཚམས་ཀྱི་ལན་ཐུང་ལས་གཉེར་ཁང་།

    ཀྲུང་གོ་གློག་འཕྲིན།

    002.png

    དགོས་པའི་ལག་ཁྱེར། ཐོབ་ཐང་ལག་ཁྱེར་དང་གསང་བའི་ཨང་གྲངས།

    ས་གནས།

    ལྔ་མདོ་ཁའི་གློག་འཕྲིན་ལས་གཉེར་ཁང་།

    པེ་ཅིང་དཀྱིལ་ལམ་གྱི་སྒོ་རྟགས་ཨང་59པའི་གློག་འཕྲིན་ལས་གཉེར་ཁང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།