[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-05

    རྒྱ་རྩིས་དབྱར་འབྲིང་ཤིང་ཕོ་རྟ་ཟླ་ཆེ་བ། ཚེས་1བྱའི་ལྔ་ཆ་གཉིས་ནས་དཔྱིད་བར་མའི་རང་སྒང་ཟིན། ཤིང་རྩི་ཁ་རྒྱས། བར་འདེབས་སྒང་། རང་ལྗོངས་སུ་དཔྱིད་རྨོད་འདེབས་ལས་ཡག་པོ་བྱ་དགོས། ཚེས་7འབྲུག་གི་ལྔ་ཆ་ལྔ་ནས་ཚེས་8ཡོས་ཀྱི་ལྔ་ཆ་བཞི་བར་ཉི་མ་ནག ཕུང་པོ་སྲེག་པ་དང་ནད་པའི་སེལ་སྒོ་བྱེད་སར་མི་འགྲོ། ཚེས་17ཕག་གི་ལྔ་ཆ་ལྔ་ནས་ཕྱི་ཟླའི་དབུགས་ཐོབ། ན་གཤོངས་ཀྱི་ཆུ་སྐྱེ། དཔྱིད་ཚད་རིམ་བཞིན་འཕེལ། ཉིང་ཁྲི་དང་། སྤོ་བོ། གྲོ་མོ། གཉའ་ནང་སོགས་ཀྱི་ས་ཁུལ་ལ་ཆར་དུས་འགོ་ཚུགས། སྔ་འདེབས་ཀྱི་ལྗང་པ་དང་། དེ་མིན་གྱི་ཤིང་འབྲས་སོགས་ལ་སད་སྐྱོན་སྔོན་འགོག་བྱ་དགོས།

    སྤྱི་ལ་ཟླ་འདིར་འབྱུང་བ་ཆུ་ཁམས་ཤས་ཆེ་བས་ཡུལ་སྤྱིར་ཁ་ཆར་འཚུབ་པ་མང་། བྱེ་བྲག་ཚེས་ཤར་ནས་ཕུར་སྤེན་མཇུག་མ་གསུམ་སྐར་གཅིག་ཏུ་འཛོམས་པ་དང་། ཚེས་3ནས་པ་སངས་དང་མིག་དམར་ས་སྐར་སྟེང་གནས་ཤིང་། ཚེས་8ནས་ལྷག་པ་འབྱུང་འགྲོས་ཀྱིས་རྣོ་སྐར་སྟེང་སྤྱོད་ཆེ་བས་གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ་ཞིང་ཁ་ཆར་འཚུབ་པ་མང་། ནུབ་བྱང་དང་། ལྷོ་ནུབ། ནུབ་རྒྱུད། ཤར་ལྷོ་བཅས་ཀྱི་ས་གནས་ལ་ལར་ཁ་ཆར་འཚུབ་པ་སོགས་རང་བྱུང་གནོད་འཚེར་དྭོགས། སྤྱིའི་འབབ་ཚེས་1、3、6、7、8、11、15、17、19、21、22、25、27、29བཅས་ཀྱི་སྐོར་ལ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།