[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ཞབས་ཞུ་ཁུལ་10སྤྱོད་འགོ་ཚུགས་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-19

    ཟླ་4ཚེས་16ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་ཀྱི་ཞབས་ཞུ་ཁུལ་10ཚང་མ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཤིང་། རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་རྣམས་ལ་ཆུ་འཁོལ་དང་། གསང་སྤྱོད་། སྣུམ་སྣོན། དེ་བཞིན་གནས་སྐབས་མོ་ཊ་འཇོག་ས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད་འདུག

    1

    དགའ་ལྡན་དགོན་ཞབས་ཞུ་ཁུལ།

    སྟག་རྩེ་རྫོང་གཙང་རྟོགས་ཤང་དུ་གནས་ཤིང་། ལྷ་ས་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པ་དང་ལྷོ་ངོས་རྒྱལ་ལམ་G318དང་ཐག་ཉེ་པོ་ཡོད། ཞབས་ཞུ་ཁུལ་དེ་ནས་ལྟོ་ཆས་དང་མཁོ་ཆས་ཉོ་སྒྲུབ། ཆུ་འཁོལ། སྡོད་གནས། སྣུམ་སྣོན། གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག་ཁང་འཁོར་འཇོག་ས་ཡང་ཡོད།

    2

    རུ་ཐོག་ཞབས་ཞུ་ཁུལ།

    མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4000ཡན་ཡོད་པ་དང་དེ་གར་ཆུ་ཚན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཞབས་ཞུ་ཁུལ་དེ་ནས་ཆུ་འཁོལ་དང་གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེ་བཞིན་ཟ་ཁང་དང་སྒོ་རྩིས་ཚོང་ཁང་ཚོང་འགུག་བྱེད་བཞིན་ཡོད་ལ་སྣུམ་སྣོན་ས་ཚིགས་ཀྱང་སྐྲུན་བཞིན་ཡོད།

    3

    སྤང་རྒྱན་ཐང་ཞབས་ཞུ་ཁུལ།

    ཀོང་པོ་རྒྱ་མདའ་རྫོང་གསུམ་མདོ་ཤང་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4000ཡན་ཡོད་པ་དང་། ཞབས་ཞུ་ཁུལ་དེ་ནས་ཆུ་འཁོལ་དང་གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེ་བཞིན་ཟ་ཁང་དང་སྒོ་རྩིས་ཚོང་ཁང་ཚོང་འགུག་བྱེད་བཞིན་ཡོད་ལ་སྣུམ་སྣོན་ས་ཚིགས་ཀྱང་སྐྲུན་བཞིན་ཡོད།

    4

    སྤྱི་མདའ་ཞབས་ཞུ་ཁུལ།

    ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་ཤང་དུ་གནས་ཤིང་། རྩི་ཤིང་མང་ལ་གསོ་རླུང་འབེལ་པོ་ཡོད། ཞབས་ཞུ་ཁུལ་དེ་ནས་ཆུ་འཁོལ་དང་གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེ་བཞིན་ཟ་ཁང་དང་སྒོ་རྩིས་ཚོང་ཁང་ཚོང་འགུག་བྱེད་བཞིན་ཡོད་ལ་སྣུམ་སྣོན་ས་ཚིགས་ཀྱང་སྐྲུན་བཞིན་ཡོད།

    5

    ཀོང་པོ་རྒྱ་མདའ་ཞབས་ཞུ་ཁུལ།

    ཀོང་པོ་རྒྱ་མདའ་རྫོང་དང་བར་ཐག་སྤྱི་ལེ་3ཙམ་ཡོད་ཅིང་། ས་གནས་དེར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་རི་སྐྱེས་སྲོག་ཆགས་ཀྱང་ཧ་ཅང་མང་པོ་ཡོད། ཞབས་ཞུ་ཁུལ་དེ་ནས་ལྟོ་ཆས་དང་མཁོ་ཆས་ཉོ་སྒྲུབ། ཆུ་འཁོལ། སྣུམ་སྣོན། གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

    6

    སྦེ་པ་ཞབས་ཞུ་ཁུལ།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་ཤང་དུ་གནས་ཤིང་། ཉིང་ཁྲི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་70ཙམ་ཡོད། ས་གནས་དེར་རྩི་ཤིང་ཕུན་སུམ་ཚོགས་པོ་ཡོད་ལ་ཞབས་ཞུ་ཁུལ་མཛེས་ཤོས་ཞེས་སུ་གྲགས། ཞབས་ཞུ་ཁུལ་དེ་ནས་ལྟོ་ཆས་དང་མཁོ་ཆས་ཉོ་སྒྲུབ། ཆུ་འཁོལ། སྣུམ་སྣོན། གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།

    7

    རྒྱ་གསེར་མོ་ཊ་འཇོག་ས།

    ཀོང་པོ་རྒྱ་མདའ་རྫོང་རྒྱ་གསེར་གྲོང་ཚོར་གནས་ཤིང་། བྱང་ངོས་རྒྱལ་ལམ་G318དང་ཐག་ཉེ་པོ་ཡོད། ཞབས་ཞུ་ཁུལ་དེ་ནས་ཆུ་འཁོལ་དང་གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེ་བཞིན་སྒོ་རྩིས་ཚོང་ཁང་ཚོང་འགུག་བྱེད་བཞིན་ཡོད།

    8

    ཕུལ་སྒང་གྲོང་ཚོའི་མོ་ཊ་འཇོག་ས།

    ཀོང་པོ་རྒྱ་མདའ་རྫོང་ཕུལ་སྒང་གྲོང་ཚོར་གནས་ཤིང་། རྩི་ཤིང་མང་ལ་གསོ་རླུང་འབེལ་པོ་ཡོད། ཞབས་ཞུ་ཁུལ་དེ་ནས་ཆུ་འཁོལ་དང་གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེ་བཞིན་སྒོ་རྩིས་ཚོང་ཁང་ཚོང་འགུག་བྱེད་བཞིན་ཡོད།    

    9

    ཞོལ་པ་མོ་ཊ་འཇོག་ས།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞོལ་པ་གྲོང་ཚོར་གནས་ཤིང་། བྱང་ངོས་ཞོལ་པ་གྲོང་ཚོ་དང་ཐག་ཉེ་བ་དང་། ས་གནས་དེར་ཞོལ་པའི་ལོ་ངོ་སྟོང་གི་གནའ་གྲོང་མཛེས་ལྗོངས་ཁུལ་ཡོད། ཞབས་ཞུ་ཁུལ་དེ་ནས་ཆུ་འཁོལ་དང་གསང་སྤྱོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་མ་ཟད། སྒོ་རྩིས་ཚོང་ཁང་ཚོང་འགུག་བྱེད་བཞིན་ཡོད།    

    10

    རྡོ་སྦུག་མོ་ཊ་འཇོག་ས།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྡོ་སྦུག་གྲོང་ཚོར་གནས་ཤིང་། ཉིང་ཁྲི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་30ཙམ་ཡོད། ལྷོ་ངོས་རྡོ་སྦུག་ཆུ་མཛོད་དང་ཐག་ཉེ་ཞིང་། རྩི་ཤིང་མང་ལ་གསོ་རླུང་འབེལ་པོ་ཡོད། མོ་ཊ་འཇོག་ས་དེར་གློག་ཤུགས་ཀྱི་རྐྱེན་གྱིས་ད་ལྟ་ཉམས་བཟོ་བྱེད་བཞིན་ཡོད་པས། མིག་སྔར་སྒོ་ཕྱེ་མེད།                             

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།