[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ད་ནས་སྤ་སེ་འདི་རིགས་རྩིས་ཞུ་བྱེད་ཆོག་གི་མི་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཚང་མས་དོ་སྣང་གནང་དགོས་པར། གནས་ཐང་འཕར་ཁྲལ་གྱི་སྤ་སེའི་སྲིད་ཇུས་གསར་པ་དང་འདུན་ཞུའི་རེའུ་མིག་གསར་པ་སྤྱོད་འགོ་ཚུགས་འདུག་པས། སྤ་སེ་འབྲི་སྐབས་ངེས་པར་དུ་གཏན་འབེབས་བཞིན་འབྲི་དགོས་ཀྱི་འདུག

    ཟླ་4ཚེས་1ཉིན་ནས་བཟུང་། 16%དང་10%ཡི་སྤ་སེ་འབྲི་བར་དོ་སྣང་ཆེན་པོ་གནང་དགོས་ཀྱི་འདུག

    01.png

    02.png

    རིམ་ཁག་ཁྲལ་དོན་ལས་ཁུངས་ཀྱིས་གནས་ཐང་འཕར་ཁྲལ་གྱི་སྤ་སེའི་དོ་དམ་མ་ལག་ཁྲོད་ནས་བསྡུ་རུབ་བྱས་པའི་སྤ་སེའི་གྲངས་གཞི་གཞི་རྟེན་དུ་བྱེད་པ་དང་། ཁྲལ་འཇལ་སྤ་སེ་འབྲི་ཚུལ་ལ་རྗེས་སྙེག་དང་ལྟ་སྐུལ་ཚོད་འཛིན་བྱེད་དགོས་པ་མ་ཟད། དེར་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ཞབས་ཞུ་དང་དོ་དམ་བྱ་ཐབས་ལག་ལེན་བསྟར་དགོས། ཁྲལ་འཇལ་གྱི་སྤ་སེ་རྙིང་པ་འབོར་ཆེན་བྲིས་པ་སོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ནན་ཏན་བྱེད་དགོས།

    ད་ནས་བཟུང་གཤམ་གྱི་འགྲོ་སོང་གི་སྤ་སེ་རིགས་15དེ་དག་རྩིས་ཞུ་བྱེད་ཐུབ་ཀྱི་མེད།

    གཅིག གནས་ཐང་འཕར་ཁྲལ་གྱི་སྤྱིར་བཏང་སྤ་སེར་ཁྲལ་འཇལ་བའི་ཨང་རྟགས་མེད་པའི་རིགས་རྩིས་ཞུ་བྱེད་མི་ཆོག

    གཉིས། སྤ་སེའི་ཐོག་ཅ་ལག་གི་མིང་ལ་གཞུང་ལས་མཁོ་ཆས་སོགས་ལས་ཡང་སྙིང་གང་ཡིན་ཁ་གསལ་པོ་བྲིས་མེད་པའི་རིགས་བྱེད་མི་ཆོག

    གསུམ། སྤ་སེ་དང་མཉམ་དུ་ཡོད་པའི་གསལ་ཐོ་དེ་ཉིད་རང་དགར་A4ཤོག་བུར་དཔར་བཏབ་པའི་རིགས་རྩིས་ཞུ་བྱེད་མི་ཆོག

    03.png

    བཞི། སྤ་སེ་དང་ཉོས་པའི་ཅ་ལག་གཅིག་མཚུངས་མ་ཡིན་པའི་རིགས། དཔེར་ན། ཁྱེད་རང་གིས་ཉོས་པ་ཇ་ལོ་ཡིན་ཡང་སྤ་སེའི་ཐོག་གཞུང་ལས་མཁོ་ཆས་བྲིས་ཡོད་ན་རྩིས་ཞུ་བྱེད་མི་ཆོག

    ལྔ། ཟུར་མཆན་འགོད་སར་ནང་དོན་ཆ་ཚང་མ་བྲིས་པའི་རིགས་ཀྱི་སྤ་སེ་རྩིས་ཞུ་བྱེད་མི་ཆོག

    དྲུག ཚད་ལྡན་ཐེལ་ཙེ་བརྒྱབ་མེད་པའི་སྤ་སེའི་རིགས་རྩིས་ཞུ་བྱེད་མི་ཆོག

    བདུན། སྤ་སེའི་ཐོག་བཅོས་སྣུམ་གྱི་སྤ་སེ་ཞེས་པའི་ཡི་གེ་མེད་ན་རྩིས་ཞུ་བྱེད་མི་ཆོག

    བརྒྱད། བཅོས་སྣུམ་སྤ་སེའི་ཐོག“ཚན་པའི་མིང”དང“གྲངས་འབོར”འབྲི་ནོར་ཤོར་བའི་རིགས་རྩིས་ཞུ་བྱེད་མི་ཆོག

    དགུ བཅོས་སྣུམ་གྱི་སྤ་སེ་གནས་ཐང་འཕར་ཁྲལ་གྱི་སྤ་སེའི་དོ་དམ་མ་ལག་གསར་པའི་བཅོས་སྣུམ་གྱི་སྤ་སེ་འབྲི་ས་ནས་བྲིས་མེད་ན་རྩིས་ཞུ་བྱེད་མི་ཆོག

    བཅུ། ཅ་ལག་མ་ཉོས་པར་སྤ་སེ་རྫུན་མ་བྲིས་པའི་རིགས་རྩིས་ཞུ་བྱེད་མི་ཆོག(སྤ་སེ་རྦད་དེ་རྫུན་མ་བྲིས་པ)

    བཅུ་གཅིག སྤ་སེའི་ཁྲལ་འབོར་འབྲི་ནོར་ཤོར་བའི་རིགས་རྩིས་ཞུ་བྱེད་མི་ཆོག

    བཅུ་གཉིས། ཐོན་སྐྱེད་ཁེ་ལས་ཀྱིས་ཚབ་སྒྲུབ་ཁྲལ་སློག་བྱས་པའི་ཕྱིར་གཏོང་དངོས་ཟོག་གི་སྤ་སེ་འབྲི་སྐབས་ངེས་པར་དུ་ཟུར་མཆན་འགོད་དགོས།

    004.png

    བཅུ་གསུམ། ཀ་པའི་ས་ནས་ཅ་ལག་ཉོས་རྗེས་ཀ་པས་ངོ་སྤྲོད་དམ་ཡང་ན་ཀ་པའི་བཀོད་སྒྲིག་ལྟར་ཁ་པས་སྤ་སེ་བྲིས་པའི་རིགས། (ཕུང་གསུམ་པས་བྲིས་པའི་སྤ་སེ་དང་ལེན་བྱས་པ)

    བཅུ་བཞི། སྤ་སེ་ལྟ་ཞིབ་ཀྱི་ཐེལ་ཙེ་རྙིང་པ་བརྒྱབ་པའི་བདལ་གཏོང་རླངས་འཁོར་གྱི་སྤ་སེ་རྩིས་ཞུ་བྱེད་མི་ཆོག

    བཅོ་ལྔ། ཨང་རྟགས་ཀྱི་བསྡུས་མིང་མེད་པའི་སྤ་སེའི་རིགས་རྩིས་ཞུ་བྱེད་མི་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།