[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་སའི་མོ་ཊ་འཇོག་ས་གསར་པ་ཁག་གཅིག་ག་པར་ཡོད་པ་ཤེས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-20

    ལྷ་སའི་གྲོང་ཁྱེར་དོ་དམ་ཅུས་ཀྱིས་གྲོང་ཁུལ་དུ་མོ་ཊ་འཇོག་ས་དཀོན་པའི་གནད་དོན་ལ་གཞིགས་ཏེ། མོ་ཊ་འཇོག་ས་ཚད་ལྡན་ཅན་དུ་གཏོང་བའི་དོ་དམ་གྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་མོ་ཊ་འཇོག་ཁུལ་10ལྷག་གསར་དུ་བསྐྲུན་པར་མོ་ཊ་1000ལྷག་འཇོག་ཐུབ་ལ། ལམ་གཡས་གཡོན་དུའང་མོ་ཊ་འཇོག་ས་1000ལྷག་མང་དུ་གཏོང་རྒྱུ་ཡིན་པ་རེད། 

    微信图片_20190520103105.jpg

    ཉི་སྐྱིད་ལྡུམ་རའི་ABCཁུལ་གྱི་ཕྱི་རོལ་གྱི་མོ་ཊ་འཇོག་ས།  

    གསར་འགོད་པས་ལྷ་སའི་གྲོང་ཁྱེར་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ལྷ་སའི་གྲོང་ཁྱེར་དོ་དམ་ཅུས་ཀྱིས་མོ་ཊ་འཇོག་སར་དོ་དམ་བྱེད་སྟངས་ཚད་ལྡན་ཅན་དུ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ས་སྟེང་ཀྱི་མོ་ཊ་འཇོག་ས་ནས་ས་འོག་གི་མོ་ཊ་འཇོག་ས་དང་ཕྱོགས་བསྡུས་རྣམ་པའི་མོ་ཊ་འཇོག་ས་བར་རིམ་གྱིས་འགྱུར་ལྡོག་གཏོང་བ་དང་འབྲེལ། འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་མཉམ་དུ་མོ་ཊ་ཉུང་སའི་ལམ་དུམ་གྱི་གཡས་གཡོན་དུ་མོ་ཊ་འཇོག་ས་བཟོས་ནས། རྒྱ་ཆེའི་གྲོང་མིའི་མོ་ཊ་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། ལྷག་པར་དུ་གྲོང་ཁུལ་རྙིང་པར་མོ་ཊ་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། དོ་དམ་སྔར་བས་ཚད་ལྡན་བྱ་རྒྱུ་རེད་འདུག 

    མིག་སྔར། རྔ་ཆེན་ལམ་ཉི་སྐྱིད་ལྡུམ་རའི་ABCཁུལ་གྱི་ལམ་གཡས་གཡོན་དུ་མོ་ཊ་འཇོག་ས་75དང་། གཡུ་ཐོག་ལམ་གཡས་གཡོན་དུ་མོ་ཊ་འཇོག་ས་58 ཉང་བྲན་ལྷོ་ལམ་གྱི་ལམ་གཡས་གཡོན་དུ་མོ་ཊ་འཇོག་ས་153བཅས་གསར་དུ་བསྐྲུན་ནས་ཕྱི་ཕྱོགས་ལ་སྒོ་ཕྱེ་ཡོད། གཙང་འགྲམ་སྤྱི་གླིང་གི་ཁག་དང་པོའི་རྣམ་གྲངས་གྱི་ས་འོག་ཏུ་མོ་ཊ་109འཇོག་ཐུབ་པ་དང་བཅིངས་འགྲོལ་ནུབ་ལམ་ཡངས་པ་ཅན་གློག་ཤུགས་ཀུང་སིའི་སྒོ་རའི་ནང་དུ་མོ་ཊ་འཇོག་ས་60ཡོད་པ་དག་ཕྱི་ཕྱོགས་ལ་སྒོ་ཕྱེ་གྲབས་ཡོད་པ་རེད།

    ད་ལྟ་ཆུ་མིག་ལམ་གྱི་ཕྱོགས་བསྡུས་མོ་ཊ་འཇོག་ས་དང་ཝ་པ་གླིང་ས་འོག་གི་མོ་ཊ་འཇོག་ས་སྐྲུན་བཞིན་ཡོད། 

    ཆུ་མིག་ལམ་གྱི་ཕྱོགས་བསྡུས་མོ་ཊ་འཇོག་ས་གསུམ་ཐོག་ཡིན་པ་དང་ཁྱོན་མོ་ཊ་270འཇོག་ཐུབ་ཅིང་། སྔོན་རྩིས་བྱས་ན་ཟླ་7པའི་ཟླ་མཇུག་ཏུ་སྤྱོད་ཆོག་གི་ཡོད། 

    ཧྲེན་ལི་དུས་རབས་ཟོག་ཉོའི་ཐང་ཆེན་རྒྱབ་ཀྱི་སྒོ་རའི་ནང་གི་ཕྱོགས་བསྡུས་མོ་ཊ་འཇོག་ས་འདི་ལོའི་ཟླ་5པའི་ཟླ་འགོར་ལས་འགོ་ཚུགས་པ་དང་། ས་འོག་ཏུ་ཐོག་སོ་གཅིག་དང་ས་སྟེང་དུ་ཐོག་སོ་བཞི་ཡོད་པར་ཁྱོན་མོ་ཊ་217གཤོང་ཐུབ་ལ། འཆར་གཞི་ལྟར་ན་འདི་ལོའི་ཟླ་10པའི་ཟླ་མཇུག་ཏུ་ལས་མཇུག་བསྒྲིལ་རྒྱུ་རེད། 

    ཝ་པ་གླིང་གི་ས་འོག་མོ་ཊ་འཇོག་ས་2018ལོའི་ཟླ་6པར་ལས་འགོ་ཚུགས་པས་མིག་སྔར་རྩིག་རྨང་འདྲུ་བཞིན་ཡོད། སྔོན་རྩིས་ལྟར་ན་འདི་ལོའི་ལོ་མཇུག་ཏུ་ལས་མཇུག་བསྒྲིལ་རྒྱུ་དང་མོ་ཊ་269གཤོང་ཐུབ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།