[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གློ་གཅོང་ནད་ཕོག་ཚེ་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-08

    微信图片_20190708160119.jpg

    འདུལ་འདྲིལ་དབྱུག་སྲིན་གྱིས་བསླངས་པའི་དབུགས་ལམ་མ་ལག་གི་འགོ་ནད་ལ་གློ་བའི་འདུས་འདྲིས་གཅོང་ནད་ཟེར་གྱི་ཡོད།

    འདུས་འདྲིལ་དབྱུག་སྲིན(གློ་གཅོང་སློང་མཁན་གྱི་ནད་འབུ་ཕྲ་མཐོང་ཆེ་ཤེལ་འོག་འདི་ལྟར་མཐོང་ཐུབ)

    ད་འོ་ན། གློ་གཅོང་གི་ནད་མི་གཞན་ལ་མི་འགོ་བ་ཇི་ལྟར་བྱེད་དགོས། 

    གློ་གཅོང་ནི་མཁའ་རླུང་བརྒྱུད་ནས་འགོ་བའི་ནད་ཅིག་ཡིན་པས། མི་མང་པོ་འཚོ་གནས་བྱེད་ས་དང་། རླུང་འཁོར་རྒྱུག་ཡག་པོ་བྱེད་མི་ཐུབ་པའི་ཁོར་ཡུག་ལ་གློ་གཅོང་ནད་འགོ་ཤུགས་ཆེ་བའི་ཁར། གློ་གཅོང་ན་མཁན་གྱིས་གློ་རྒྱག་པ་དང་། ཧབ་ཆི་རྒྱག་པ། གཞས་གཏོང་བ། ཁ་ཆུ་ཐོར་བ་སོགས་བྱས་ཚེ། མི་དེའི་ཁ་ནང་གི་འདུལ་འདྲིལ་དབྱུག་སྲིན་དག་མི་གཞན་ལ་འགོ་ཡི་ཡོད།  དེར་བརྟེན། ནད་འདི་མི་གཞན་ལ་མི་འགོ་བ་བྱེད་དགོས་ན། རྒྱུན་གཏན་འཚོ་བའི་ཁྲོད་ཁ་ལུད་སྣ་ལུད་གང་བྱུང་དུ་མ་དབྱུགས་པ་བྱེད་དགོས་ལ། ཁ་ལུད་དག་ཤོག་བུར་བསྒྲིལ་ནས་མེར་སྲེག་དགོས་ཤིང་། སྒོ་དང་སྒེའུ་ཁུང་ཡང་སེ་ཕྱེ་ནས་ཁང་པའི་ནང་རླུང་འཁོར་རྒྱུག་ཡག་པོ་འགྲོ་ཐུབ་པ་བྱེད་དགོས་པ་དང་། མི་གཞན་ལ་ཕྱོགས་ནས་ཧབ་ཆི་རྒྱག་པ་དང་། གློ་རྒྱག་པ་སོགས་བྱ་མི་ཉན་ལ་རྒྱུན་དུ་ཁ་རས་ཀྱང་རྒྱག་དགོས། 

    གློ་གཅོང་གི་ནད་འགོས་ཚེ་ནད་རྟགས་གང་དང་གང་ཐོན་གྱི་ཡོད་དམ། 

    1.གློ་རྒྱག་པ་དང་ལུས་པ་ཐོན་པའི་ཁར། ལུད་པའི་ནང་ཁྲག་ཡོད་པ། 

    2.གཟུགས་པོའི་ལྗིད་ཚད་ཆག་པའམ་ཤ་རིད་དུ་འགྲོ་བ། 

    3.བྲག་ཁོག་ལ་ན་ཟུག་གཏོང་བ། 

    4.མཚན་མོ་ལུས་ནས་རྔུལ་ནག་མང་པོ་འདོན་པ། 

    5.གཟུགས་པོར་ཤུགས་མེད་པ་མ་ཟད། ཐང་ཆད་མགྱོགས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།

    ལུས་ལ་ན་ཚ་མི་དགོས། སེམས་ལ་སྡུག་བསྔལ་མི་དགོས་ཟེར་བའི་དཔེ་ལྟར། ནད་མཐའ་དག་མི་སུ་ཞིག་གིས་ཀྱང་དགོས་འདོད་མི་བྱེད་པས། ཁྱེད་ལ་བདེ་མ་ཐང་མའི་ལུས་ཤིག་དགོས་འདོད་ན། གཟུགས་པོར་སྦྱོང་བརྡར་དང་། ཆུ་མང་ཙམ་འཐུང་བ། རྟག་པར་ཁྱིམ་དུ་འཛུལ་མི་སྡོད་པར་ཕྱིར་འཆམ་འཆམ་ལ་མང་ཙམ་འགྲོ་བ་སོགས་རང་ལ་ཕན་པའི་འཚོ་བའི་གོམས་གཤིས་ཤིག་འཇག་རྒྱུ་ནི་གལ་ཧ་ཅང་ཆེན་པོ་རེད། 

    སྟབས་མི་ལེགས་པར་ཡུལ་གཞན་ནས་གློ་གཅོང་གི་ནད་ཕོག་ཚེ། ས་ཆ་དེ་གའི་རིམས་འགོག་ལྟེ་གནས་སུ་སོང་ནས་སྨན་བཅོས་བྱེད་དགོས། སྨན་རིན་སྐར་མ་གཅིག་ཀྱང་སྤྲོད་མི་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།