[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    གཟའ་འཁོར་འདིའི་ནང་དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་མང་ཙམ་འབབ་རྒྱུ་ཡིན་པས། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེར་སྔོན་འགོག་བྱེད་དགོས། 

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་7ཚེས་8ནས་ཟླ་7ཚེས་14ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའམ་འབྲུག་ཆར་འབབ་རྒྱུ་དང་། དེའི་ནང་ནས་ཉིང་ཁྲི་དང་ལྷོ་ཁའི་ས་བབ་དམའ་ས་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ།

    གཟའ་ལྷག་པ་ནས་པ་སངས་ལ། ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ། ཆབ་མདོའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། དེའི་ནང་ནས་ཉིང་ཁྲི་དང་ལྷོ་ཁའི་ས་བབ་དམའ་ས་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་མཇུག་ལ། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ལྷ་ས། ལྷོ་ཁ། ཆབ་མདོའི་བྱང་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། དེའི་ནང་ནས་ཉིང་ཁྲིའི་ས་བབ་དམའ་སར་ཆར་པ་ཆེན་པོ་འབབ་རྒྱུ། གཞིས་རྩེ་དང་ཆབ་མདོའི་ལྷོ་རྒྱུད་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ།

    1 དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེར་སྔོན་འགོག་བྱེད་དགོས་པ་དང་། ཞིང་ཁུལ་གྱི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་དགོས།

    2 ས་སྲོས་སུ་དུས་ཐུང་གི་དྲག་ཆར་དང་། གློག་དམར་འཁྱུག་པ། སེར་བ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་ཐོན་སླ་བར་བརྟེན། སྔོན་འགོག་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།