[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གོམས་གཤིས་འདི་དག་འཇགས་ན་ཁྱེད་ཉིད་གཞན་ལས་མཆོག་ཏུ་འགྱུར་ངེས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    微信图片_20190711103551.jpg

    མི་ཚང་མར་འཕྲད་པའི་དཀའ་ངལ་འདྲ་ཡི་མེད་ནའང་། ཡར་རྒྱས་འགྲོ་མཁན་ཚང་མར་ལམ་འགྲོ་རྒྱུགས་པའི་བསམ་པ་དང་བརྩོན་འགྲུས་བྱེད་པའི་བསམ་བློ་ལྡན་ཡོད། གལ་ཏེ་ཁྱེད་ཉིད་ད་ལྟའི་ལས་ཀ་དང་འཚོ་བར་དགའ་ཞེན་མེད་པ་མ་ཟད། རྟག་ཏུ་ཡིད་མུག་ནས་ཉིན་འཁྱོལ་བ་བྱས་ཚེ། མི་ཚེ་སྟོང་ཟད་དུ་འགྲོ་ངེས། དེ་ལས་རྣམ་ཀུན་གྱི་གོམས་གཤིས་ངན་པོ་དེ་ཚོ་དོར་ནས། གང་ལས་ལྷག་པའི་མི་ཞིག་བྱེད་འདོད་མི་འདུག་གམ།

    1.ལས་གང་ཞིག་བྱས་ཀྱང་སྐར་མ་10ཡི་སྔོན་ནས་གྲ་སྒྲིག་བྱེད་དགོས། 

    ལས་གང་ཞིག་བྱས་ཀྱང་སྐར་མ་10ཡི་སྔོན་ཚུད་ནས་གྲ་སྒྲིག་བྱས་ན། ཐོལ་བྱུང་དོན་རྐྱེན་འཕྲད་རུང་ཁ་གཏད་གཅོག་པའི་དུས་ཚོད་འདང་ངེས་ཤིག་ཡོད་ལ་བློ་བདེ་བག་ཕེབས་ཤིག་ཀྱང་ཡོད་ངེས། ཁྱེད་ཀྱིས་ཞོགས་པ་མལ་ལས་ལངས་བའི་དུས་ཚོད་སྐར་མ་10སྔ་རུ་གཏོང་དང་། དེ་འདྲ་བྱས་ཚེ། བྲེལ་བྲེལ་འཚུབ་འཚུབ་བྱེད་དགོས་མེད་ལ་ཞོགས་ཟས་ཀྱང་ལྷོད་པའི་སྒོ་ནས་མཆོད་ཆོག ད་དུང་ལས་ཀ་བྱེད་སྐབས་གྲུང་ཤ་དོད་ལོས་ཀྱང་ཁག་ཁག་རེད། 

    2.ལས་ཀ་མ་བྱས་གོང་དང་ཚར་རྗེས་གཉིས་ཀར་བློས་ཞིབ་མོས་དཔྱད་དགོས། 

    ལས་ཀ་འགོ་མ་ཚུགས་གོང་། ཉིན་གཅིག་གི་ལས་ཀའི་གཙོ་གནད་དང་། ངེས་པར་དུ་ཚར་དགོས་པ། དེ་བཞིན་གཙོ་ཕལ་བཅས་རིམ་པ་བཞིན་དབྱེ་དགོས་པ་མ་ཟད། དེ་དག་སྒྲུབ་རིམ་བཞིན་རྟགས་རེ་བརྒྱབ་ན་ཉིན་དེའི་ལས་ཀ་ཉིན་དེ་རང་ལ་ཚར་ངེས། ཡང་སྒོས་ལས་ཀ་ཚང་མ་བསྒྲུབས་རྗེས་བློ་ཡིས་ཞིབ་པར་དཔྱད་ཚེ། ད་དུང་དེ་ལས་ཡག་པ་ཡོང་སྲིད། 

    3.དཀའ་ངལ་འཕྲད་སྐབས་འཁང་ར་ཁོ་ན་བྱས་ནས་སྡོད་མི་རུང་། 

    གཞན་ལ་འཁང་ར་བྱེད་པ་ནི་ལས་ཀྱི་ཐ་མ་རེད་ཞེས་པ་ལྟར། དེས་ཁྱོད་ལ་དུས་ཐུང་རིང་སེམས་སྐྱིད་པོ་ཡོང་སྲིད་ནའང་ཕྱིས་སུ་རང་གི་ལས་ཀ་སྐྱོ་པོ་འདིར་ཁ་གཡར་ས་ཞིག་ལས་མ་འདས། དེར་བརྟེན། རྟག་ཏུ་འཁང་ར་ཁོ་ན་བྱེད་པ་ལས། རང་གིས་མང་ཙམ་སྒྲུབ་པ་དང་བསམ་ཤེས་མང་ཙམ་བྱས་ཚེ། ཁྱེད་ཉིད་བློ་བག་ཡངས་པོ་ཞིག་ཆགས་སྲིད། 

    4.གཞན་གྱི་སྐྱོན་ཁོ་ན་བསྲུངས་ནས་སྡོད་རྒྱུ་མེད། 

    མི་ཚང་མ་འདྲ་ཡི་མེད། གཞན་གྱི་ལྟ་བ་དང་བྱེད་སྟངས་ལ་མོས་མཐུན་མེད་ནའང་ཆོག འོན་ཀྱང་མི་ཀུན་ལ་རང་རང་གི་དགེ་མཚན་ལྡན་པས། སློབ་སྦྱོང་དང་བརྩི་བཀུར་གྱི་རྣམ་འགྱུར་ཞིག་ཁྱེར་ན། ཁྱེད་ལའང་གཞན་གྱི་ས་ནས་ཡོན་ཏན་གང་ལ་གང་འཚམ་འཇགས་ཐུབ། 

    5.ལུས་སྦྱོང་རྒྱུན་འཁྱོངས་ནས་བྱེད་དགོས། 

    བདེ་ཐང་མེད་ན་ལས་ཀ་གང་ཞིག་ཀྱང་བྱེད་ཐབས་བྲལ། གལ་ཏེ་ཁྱེད་ལ་ཆ་རྐྱེན་ལྡན་ན། ལས་ཁུངས་སམ་ཡང་ན་ཁྱིམ་དང་ཐག་ཉེ་བའི་ལུས་སྦྱོང་བྱེད་སར་ལུས་སྦྱོང་ལ་སོང་ན་ཡག་པོ་ཡོད། ཁྱེད་ལ་ཆ་རྐྱེན་མེད་ན། ལུས་སྦྱོང་བརྙན་ཐུང་ངམ་ཡང་ན་ལུས་སྦྱོང་APPའདྲ་བལྟས་ནས་ལུས་སྦྱོང་བྱེད་དགོས། ད་དུང་ལས་ཀར་འགྲོ་སྐབས་རྐང་འཁོར་མང་ཙམ་གཏོང་བ་དང་གོམ་པ་མང་ཙམ་རྒྱག་པ་ལས་མོ་ཊ་ཉུང་ཙམ་བཏང་ན། རང་དང་ཁོར་ཡུག་གཉིས་ཀར་ཕན་པ་ཆེའོ། དེས་མ་ཚད། ལས་ཀའི་བར་གསེང་དུ་རྐུབ་བཀྱག་ནས་མང་ཙམ་ལངས་ཏེ་ལུས་སྦྱོང་བྱེད་དགོས། ཁྱེད་ཀྱིས་དུས་རྟག་ཏུ་ལུས་སྦྱོང་བྱེད་པའི་ཁོམ་པ་མི་འདུག་ཅེས་བརྗོད་ན། ནམ་ཞིག་སྨན་ཁང་བསྟེན་པར་འགྲོ་དགོས་དུས་འགྱོད་པའི་གླིང་དུ་ཚུད་ངེས་རེད། 

    6.དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་དགོས། 

    དཔེ་དེབ་ཀྱིས་ཁྱེད་ཀྱི་རིན་ཐང་མཐོ་རུ་འགྲོ་སྲིད་ལ་རང་ཟླ་རང་མཉམ་ཁྲོད་ནས་ཁྱེད་ཉིད་འབུར་དུ་ཐོན་ལ་གོང་དུ་བཀུར་སྲིད། དེར་བརྟེན། ལས་ཐག་བཅད་རྗེས་དགོང་ལྟར་དེབ་ལྟ་བའི་དུས་ཚོད་ཆུ་ཚོད་1ནས་2བར་འཚོལ་དགོས་ལ་དེ་གོམས་གཤིས་སུ་འགྱུར་བ་བྱེད་དགོས། ཡུན་རིང་པོ་སོང་རྗེས། རང་གི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་ངེས།  

    7.རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། 

    རྣམ་ཀུན་རྒྱུས་མངའ་དེ་ཙམ་མེད་པའི་མིའང་ཡང་ན་ཤེས་བྱ་དང་བསམ་བློ་གསར་པར་འབྲེལ་འདྲེས་བྱས་ནས། ཤེས་བྱ་སྣ་ཚོགས་གང་མང་སྦྱངས་ཏེ་རང་ཉིད་ཡར་རྒྱས་གཏོང་བ་ནི་རང་གིས་རང་ལ་གཅེས་སྤྲས་ཡག་ཤོས་བྱེད་པ་དང་གཉིས་སུ་མེད། དཔེར་ན། ཡིག་གཟུགས་སྦྱོང་བ་དང་རི་མོ་འབྲི་བ་སོགས་ཀྱི་དགའ་ཕྱོགས་སྐྱིད་སྲིང་བྱས་ཏེ་རང་ཉིད་ཀྱི་གང་ཅིའི་ཐད་ལ་ཡར་རྒྱས་ཡོང་བ་བྱེད་དགོས། 

    8.ཕུགས་བསམ་གྱི་གསལ་ཐོ་བཀོད་དགོས།  

    རང་གིས་ཉོ་འདོད་པའི་ཅ་དངོས་དག་ལ་རེའུ་མིག་ཅིག་བཟོ་དགོས་ཤིང་། འདིར་སོ་སོར་ཉོ་དགོས་པ་ཡོད་ལ། ཕ་མ་སྤུན་མཆེད་ལ་ཉོ་དགོས་པའང་ཡོད། མ་ཟད་ཅ་དངོས་འདི་དག་ནི་འཚོ་བའི་སྤུས་ཚད་ཡག་ཏུ་གཏོང་བ་ཤ་སྟག་ཡིན་དགོས། དེ་དང་ཆབས་ཅིག ཟླ་རེའི་གླ་ཆ་ནས་རང་གིས་ཉོ་འདོད་པའི་ཅ་དངོས་རེ་ཉོ་དགོས་པ་ལས། ཚང་མ་དུས་གཅིག་ཏུ་ཉོ་མི་རུང་། དེ་འདྲ་བྱས་ན། རང་གི་ཁུར་པོ་ཡང་དུ་འགྲོ་སྲིད་ལ་ཕུགས་བསམ་ཀྱང་རིམ་བཞིན་མངོན་འགྱུར་ཡོང་སྲིད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།