[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིར་དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་འབབ་རྒྱུ་ཡིན་པས་ས་གཤིས་ཀྱི་གནོད་འཚེར་སྔོན་འགོག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་7ཚེས་15ནས་21ཉིན་བར)

    གཟའ་ཟླ་བ་ནས་ལྷག་པའི་བར་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་ལྷོ་ཁར་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། གཞིས་རྩེ་དང་། ལྷ་ས། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    1.དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་ས་གཤིས་ཀྱི་གནོད་འཚེར་སྔོན་འགོག་བྱེད་དགོས་པ་དང་། ཞིང་ཁུལ་དུ་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་དགོས།

    2ས་སྲོས་སུ་དུས་ཐུང་གི་དྲག་ཆར་དང་། གློག་དམར་འཁྱུག་པ། སེར་བ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་སྔོན་འགོག་ལ་དོ་སྣང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།