[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • རིགས་གཅིག་མཁས་ཅན་གྱིས་བསྟན་དོན།

    ཞོགས་པ་མལ་ནས་ལངས་རྗེས་སྔོན་ལ་སོ་བཀྲུས་ནས་ཆུ་འཐུང་དགོས་པ་དང་། ཁ་ལག་ཟས་རྗེས་ལམ་སེང་སོ་བཀྲུ་མི་རུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-30

    ཞོགས་པ་མལ་ནས་ལངས་རྗེས་ཁ་ལག་མ་བཟས་པར་སྔོན་ལ་ངེས་པར་དུ་སོ་བཀྲུ་དགོས་པ་དང་། དེ་ལྟར་བྱས་ཚེ་ཁ་སྦུག་གཙང་མ་ཆགས་ནས་ནད་གཞི་ཁ་ནས་འགོ་རྒྱུ་སྔོན་འགོག་ཐུབ།

    སྤྱིར་བཏང་བྱས་ན་ཁ་ལག་བཟས་རྗེས་ཆུ་ཚོད་ཕྱེད་ཀ་ནས་ཆུ་ཚོད་གཅིག་བར་སོ་བཀྲུ་རྒྱུ་མེད། ཁ་སྦུག་གི་སྐྱུར་བུལ་ཚད་གཞི་དོ་སྙོམས་ཆཌ་རྗེས་སོ་བཀྲུས་ན་ལེགས།

    གཉིད་ཉལ་དུས་ལུས་པོས་ད་དུང་ཟས་འཇུ་ལེན་བྱེད་བཞིན་ཡོད་པ་དང་ཁ་སྦུག་ལ་དྲོ་ཞིང་གཤེར་བའི་ཁོར་ཡུག་བསྐྲུན་ཡོད་པས་འབུ་ཕྲ་འཚར་སྐྱེ་ཡོང་གི་ཡོད་པ་དང་། མཚན་གཅིག་རིང་གི་སྐྱེད་སྲིང་བརྒྱུད་འབུ་ཕྲ་མང་པོ་ཞིག་ཁ་སྦུག་ནང་ལུས་ཀྱི་ཡོད།

    ཁ་ལག་བཟས་རྗེས་སོ་ངོས་སུ་ཟས་རོ་ལྷག་ཡོད་པས་གལ་ཏེ་ལམ་སེང་སོ་བཀྲུས་ན་སྐྱུར་རིགས་དེ་སོ་རྩིའི་གཏིང་དུ་འཛུལ་སླ་བ་དང་། ཐ་ན་སོ་རྩིའི་འོག་གི་སོ་རྐང་དུ་འཛུལ་སླ་བས་ཁ་ལག་བཟས་རྗེས་ལམ་སེང་སོ་བཀྲུས་ན་སོ་ལ་སྲུང་སྐྱོང་མི་ཐུབ་པ་མ་ཟད། དེ་ལས་ལྡོག་ཏེ་སོ་ལ་གནོད་འཚེ་བཟོ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།