[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་ལྷག་པ་ནས་བཟུང་ཆར་པ་མང་དུ་འགྲོ་རྒྱུ

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་8ཚེས་19ནས་25ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། མངའ་རིས། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།

    གཟའ་ལྷག་པ་ནས་པ་སངས་བར་གཞིས་རྩེ་དང་། ལྷ་ས། ལྷོ་ཁ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་ཉིང་ཁྲིའི་ཤར་ལྷོའི་རྒྱུད་དུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་འབབ་རྒྱུ།

    གཟའ་མཇུག་ཏུ་གཞིས་རྩེ་དང་། ནག་ཆུ། མངའ་རིས་ཀྱི་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་འཐིབ་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    1.ཤར་རྒྱུད་དང་ལྷོ་རྒྱུད་དུ་ཤྭ་འོད་དང་རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་བྱེད་དགོས།

    2.ས་སྲོས་སུ་ས་ཆ་ཁག་གཅིག་ལ་དུས་ཐུང་གི་དྲག་ཆར་དང་། གློག་དམར་འཁྱུག་པ། སེར་བ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་སྔོན་འགོག་ལ་དོ་སྣང་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།