[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • བྱིས་པར་འབྲས་སྐྲན་སོཊ་ཕོག་ཚེ། སྨན་རིན་སེམས་ཁྲལ་གནང་དགོས་མི་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-27

    རང་རྒྱལ་གྱིས་བྱིས་པའི་ཁྲག་རྒྱུན་གྱི་ནད་དང་ཚབས་ཆེའི་འབྲས་སྐྲན་གྱི་ནད་རིགས་གཙོ་བོ་10སྐྱོབ་བཅོས་དོ་དམ་དང་འགན་སྲུང་མ་ལག་ནང་བཅུག་པ།

    བྱིས་པའི་ཁྲག་རྒྱུན་གྱི་ནད་དང་ཚབས་ཆེའི་འབྲས་སྐྲན་གྱི་ནད(儿童血液病、恶性肿瘤)ནི་བྱིས་པའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ནད་གཞི་ཚབས་ཆེན་རེད། ཕྲུ་གུར་ནད་གཞི་འདི་རིགས་ཕོག་རྗེས། སྨན་བཅོས་ཀྱི་འགྲོ་སོང་མང་བ་དང་སྨན་བཅོས་བྱེད་ཡུན་རིང་བས། འབྱོར་འཁོས་ཅུང་ཞན་པའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན། དེ་ནི་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་ཞིག་མ་ཡིན་ག་ལ་སྲིད།

    གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་དང་འབྲེལ་གཏུག་མཐུན་སྦྱོར་གཏིང་ཟབ་བྱས་ཏེ། བྱིས་པའི་ཁྲག་རྒྱུན་གྱི་ནད་དང་ཚབས་ཆེའི་འབྲས་སྐྲན་གྱི་ནད་རིགས་གཙོ་བོ་10སྨན་བཅོས་དང་། སྐྱོབ་བཅོས། འགན་སྲུང་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དོན་འཁྱོལ་བྱེད་པའི་གཙོ་གནད་ལ་བརྩིས་ཏེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱིས་པའི་ཁྲག་རྒྱུན་གྱི་ནད་དང་ཚབས་ཆེའི་འབྲས་སྐྲན་གྱི་སྨན་བཅོས་སྐྱོབ་བཅོས་དང་དེ་བཞིན་འགན་སྲུང་དོ་དམ་གྱི་སྲིད་ཇུས་དང་བྱེད་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ལས་དོན་གྱི་སྲིད་ཇུས་བྱེད་ཐབས་ལ་སྔར་བས་སྐུལ་འདེད་གཏོང་དགོས་ལུགས་བཏོན་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    རྒྱལ་ཡོངས་ནས་བཤད་ན། 《བྱིས་པའི་ཁྲག་རྒྱུན་གྱི་ནད་དང་ཚབས་ཆེའི་འབྲས་སྐྲན་གྱི་ནད་སྨན་བཅོས་སྐྱོབ་བཅོས་དང་འགན་སྲུང་དོ་དམ་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་བསྟུན་ནས། ནད་གཞི་ཐོན་མང་བ་དང་། ནད་བརྟག་སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པ། དཔལ་འབྱོར་གྱི་ཁུར་པོ་ལྕི་བ་བཅས་ཀྱི་བསྐྱར་གསོ་སྐྱོན་ཅན་གྱི་ཟུངས་ཁྲག་ཉམས་པའི་ནད(再生障碍性贫血)དང་རྨེན་སྐྲན(淋巴瘤)སོགས་ནད་རིགས་10སྐྱོབ་བཅོས་དོ་དམ་གྱི་ནད་རིགས་ཁག་དང་པོར་བརྩིས་ཡོད། 

    འདི་ལོའི་ཟླ་8པའི་ཟླ་མཇུག་ཏུ་རྒྱལ་ཡོངས་སུ་བྱིས་པའི་ཁྲག་རྒྱུན་གྱི་ནད་གཞི་གནས་གཏན་འཁེལ་ངང་གཅིག་སྡུད་སྐྱོབ་བཅོས་བྱེད་པའི་ཁག་དང་པོའི་སྨན་བཅོས་སྒྲིག་གཞི་113དང་དངོས་ཚན་གྱི་འབྲས་སྐྲན་ནད་བརྟག་སྨན་བཅོས་རོགས་ལས་ཚོགས་ཆུང་77གཏན་འཁེལ་བྱས་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།