[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྱིམ་བདག་ཚོ། ཕྲུ་གུ་མང་པོས་བཏཊ་པའི་ཆུ་ཚོད་འདིས་ཆག་སྒོ་བསླངས་བཞག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-28

    ཉེ་བའི་ལོ་ཤས་རིང་། ཁ་པར་དང་པར་སོགས་རྒྱག་ཆོག་ལ། གནས་གཏན་འཁེལ་བྱེད་ཐུབ་པའི་བྱིས་པའི་རིག་ནུས་ཁ་པར་ཆུ་ཚོད་ལ། རྒྱ་ཆེའི་བྱིས་པ་དང་ཁྱིམ་བདག་མང་པོས་དགའ་པོ་བྱེད་ཀྱི་ཡོད།

    1.jpg

    ཡིན་ནའང་། ཉེ་ཆར། ཀོང་ཏུང་ཅང་མེན་གྲོང་ཁྱེར་ཅང་ཧའེ་ཆུས་ཝའེ་ཧའེ་ལྟེ་བའི་སློབ་ཆུང་གི་སློབ་མ་ཞའོ་ཞོ་ཡི་ལག་པ་གཡས་པར་བཏགས་པའི་ཁ་པར་ཆུ་ཚོད་ནས། གློ་བུར་དུ་དུ་བ་འཕྱུར་བ་མ་ཟད་མེ་འབར་ནས་ལག་པ་འཚིག་ཡོད་པ་རེད།

    2.jpg

    ཞའོ་ཞོ་ཡི་ཁྱིམ་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁ་པར་ཆུ་ཚོད་འདི་2018ལོའི་ལོ་འགོར་གྲགས་ཅན་ཚོང་རྟགས་གང་རུང་ཞིག་གི་ཚོང་ཁང་ནས་ཉོས་པ་ཡིན། འདིས་ཁ་པར་རྒྱག་པ་དང་། སྐད་འཕྲིན་དང་QQབསྐུར་བ། པར་རྒྱག་པ་སོགས་བྱེད་ཐུབ་ཀྱི་འདུག་པས་སྟབས་ཧ་ཅང་གི་བདེ་པོ་འདུག མ་གཞི་རྒྱུན་གཏན་སློབ་གྲྭས་གློག་རྡུལ་ཐོན་རྫས་སློབ་གྲྭའི་ནང་འཁྱེར་མི་ཆོག་པའི་གཏན་འབེབས་བཟོས་ཡོད། འོན་ཀྱང་ཉིན་འདིར་ཞའོ་ཞོ་རྟོག་ཞིབ་སློབ་སྦྱོང་གི་བྱེད་སྒོར་ཞུགས་དགོས་ཀྱི་ཡོད་པས། འབྲེལ་བ་བྱེད་དུས་སྟབས་བདེ་པོ་ཡོང་ཆེད་ཁ་པར་ཆུ་ཚོད་འདོགས་སུ་བཅུག་པ་ཡིན་ཞེས་བཤད། 

    3.jpg

    ཧྲེན་ཀྲེན་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས། ཉེ་ཆར་2019ལོའི་ཚོང་རྟགས་ག་རེའི་བྱིས་པའི་རིག་ནུས་ཆུ་ཚོད་ཉོས་ན་དེ་བས་བདེ་འཇགས་ཡོད་མེད་ལ་བརྟག་དཔྱད་བྱས་ཤིང་། འཛད་སྤྱོད་པས་དོ་ཁུར་ཆེ་ཤོས་དང་ཉོ་མཁན་མང་ཤོས་ཡིན་པའི་ཚོང་རྟགས་ཞའོ་ཐན་ཚའེ(小天才)དང་། ཧ་ཝའེ(华为) 360སོགས་ཁྱོན་ཁ་པར་ཆུ་ཚོད10ཚུད་ཡོད།

    4.jpg

    རྒྱ་ཆེའི་ཁྱིམ་བདག་རྣམ་པར་དྲན་སྐུལ་ཞུ་རྒྱུར། 

    བརྟག་དཔྱད་བྱས་འབྲས་གཤམ་གྱི་རེའུ་མིག་ལ་གསལ་པོ་བཀོད་འདུག་པས། བྱིས་པའི་ཁ་པར་ཆུ་ཚོད་ཉོ་སྐབས། གང་དེ་དཔྱད་གཞིར་བཟུང་ནས་བདེ་འཇགས་དང་སྤུས་ཚད་ལ་འགན་ལེན་ཡོད་པའི་ཁ་པར་ཆུ་ཚོད་ཉོ་དགོས།

    5.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།