[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • བགྲེས་སོང་ཚོར་གཏམ་བཟང་ཞིག་ཞུ་རྒྱུ་ཡོད། རྒན་གསོའི་དངུལ་སྤར་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཟླ་1ཚེས་2ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་གྲོང་གསེབ་སྤྱི་ཚོགས་འགན་བཅོལ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཏོན་ནས་2020ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱས་འདུག 

    《ལག་བསྟར་བསམ་འཆར》ནང་ཐོབ་ཐང་གཏན་འཁེལ་གྱི་ལམ་སྲོལ་གཙོ་གནད་འཐུས་སྒོ་ཚང་དུ་བཏང་ནས་མི་སྒེར་གྱི་གྲོན་དངུལ་འཇལ་བའི་རིམ་པ་དང་ཚད་གཞི་ལེགས་སྒྲིག་གྱི་ལམ་སྲོལ་དང་། གྲོན་དངུལ་འཇལ་བར་ཁ་གསབ་སྤྲོད་པའི་ལེགས་སྒྲིག་ལམ་སྲོལ། རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་གི་ལམ་སྲོལ་སོགས་དོན་ཚན་གཏན་འཁེལ་བྱས་ཡོད། དེའི་ཐད་ཆེད་མངགས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གྲོང་གསེབ་སྤྱི་ཚོགས་འགན་བཅོལ་ཁྲུའུ་ཡི་འགན་འཁུར་བ་བཅིངས་འགྲོལ་མེ་ཏོག་ནས་དོན་ཚན་འདི་དག་ལ་འགྲེལ་བཤད་རྒྱག་རོགས་ཞུས་པ་ཡིན། 

    ཐོབ་ཐང་གཏན་འཁེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད། 《ལག་བསྟར་བསམ་འཆར》ནང་གཏན་འབེབས་བྱས་དོན། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལོ་65ཡན་ཟིན་པའི་འགན་བཅོལ་ལ་ཞུགས་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྒན་རྒོན་ལ་གཟིགས་སྐྱོང་འོས་འཚམ་བྱ་རྒྱུ་ཡིན་ཞིང་། དེའི་ནང་ལོ་65ནས་69བར་གྱི་འགན་ཞུགས་མི་སྣར་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞིའི་ཐོག་མི་རེར་ཟླ་རེར་ཁ་གསབ་སྒོར་10འཕར་སྣོན་བྱ་རྒྱུ་དང་། ལོ་70དང་དེ་ཡན་གྱི་འགན་ཞུགས་མི་སྣར་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞིའི་ཐོག་མི་རེར་ཟླ་རེར་ཁ་གསབ་སྒོར་20འཕར་སྣོན་བྱ་རྒྱུ་རེད། ལོ་65དང་ལོ་70ཟིན་མ་ཐག་པའི་འགན་ཞུགས་མི་སྣར་རྨང་གཞིའི་རྒན་གསོའི་ཁ་གསབ་དངུལ་ཟླ་བ་རྗེས་མ་ནས་བཟུང་སྤྲོད་རྒྱུ་ཡིན། ཁ་གསབ་དངུལ་དེ་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང(ཆུས)བཅས་རིམ་ཁག་གསུམ་གྱི་ནོར་སྲིད་ནས་བསྡུར་ཚད་8:1:1ལ་གཞིགས་ནས་འགན་འཁུར་རྒྱུ་རེད། དེ་དང་དུས་མཚུངས་ཆ་རྐྱེན་ཡོད་པའི་ས་ཁུལ(གྲོང་ཁྱེར)ལ་ཐེངས་གཅིག་རང་ལ་སྤྲོད་པའི་ཁ་གསབ་ལམ་ལུགས་འཛུགས་རྒྱུའི་ཚོད་ལྟ་བྱེད་པར་སྐུལ་མ་བཏང་ནས་ལོ་60ཡན་གྱི་ཐོབ་ཐང་བླངས་པའི་འགན་ཞུགས་མི་སྣར་ཁ་གསབ་ཀྱི་རྣམ་པར་བརྟེན་ནས་ཟླ་རེར་སྤྲོད་རྒྱུ་རེད། 

    《ལག་བསྟར་བསམ་འཆར》ནང་གསལ་པོ་བཏོན་དོན། ལོ་ཚད་ཀྱི་རྨང་གཞིའི་རྒན་གསོའི་དངུལ་ཁ་སྣོན་དང་འདས་གྲོངས་མི་སྣའི་རྗེས་འཇུག་གི་ཁ་གསབ་རོགས་དངུལ་མཐོ་རུ་བཏང་སྟེ། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གྲོན་དངུལ་འཇལ་བའི་ལོ་ཚད་ལོ་15ལས་བརྒལ་རིགས་ལ་གྲོན་དངུལ་འཇལ་བའི་ལོ་ཚད་ལོ་གཅིག་རེ་མང་དུ་ཕྱིན་ན།  ཟླ་རེར་ལོ་དེའི་རྨང་གཞིའི་རྒན་གསོའི་དངུལ་གྱི་5%མང་དུ་གཏོང་རྒྱུ་དང་། རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་བླངས་ཟིན་པའི་མི་སྣའམ་ཡང་ན་ལོ་ཚད་ལོངས་པའི་འགན་ཞུགས་པས་གཏན་འབེབས་ལྟར་ལོ་3བསྟུད་མར་གྲོན་དངུལ་འཇལ་ནས་ཚེ་ལས་འདས་པར་ཐེངས་གཅིག་རང་དུ་འདས་གྲོངས་མི་སྣའི་རྗེས་འཇུག་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་ཚད་གཞི་ནི་ཟླ་བ་18རིང་གི་རྨང་གཞིའི་རྒན་གསོའི་དངུལ་རེད། 

    མི་སྒེར་གྱི་གྲོན་དངུལ་འཇལ་བའི་རིམ་པའི་ཚད་གཞི་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པའི་ཐད། 《ལག་བསྟར་བསམ་འཆར》ནང་སྔ་ཙམ་འགན་ཞུགས་དང་། གྲོན་དངུལ་མང་ཙམ་འཇལ་བ། གྲོན་དངུལ་ཡུན་རིང་འཇལ་བ་བཅས་ལ་ཁྲིད་སྟོན་བྱ་ཆེད། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་རིམ་པ་དམའ་ཤོས་ཀྱི་ཚད་གཞི་དེ་སྔོན་གྱི་སྒོར་100ནས་ད་ལྟའི་སྒོར་200བར་མཐོ་རུ་གཏོང་རྒྱུ་དང་། དེ་མིན་སྒོར་3000དང་། སྒོར་4000   སྒོར་5000བཅས་ཀྱི་གྲོན་དངུལ་འཇལ་བའི་རིམ་པ་གསར་པ་ཁག་གསུམ་བཀོད་སྒྲིག་བྱས་ཡོད་སྟབས། ལེགས་སྒྲིག་བྱས་རྗེས་བསྡོམས་གྲོན་དངུལ་འཇལ་བའི་རིམ་པ་15ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་གདམ་ག་བྱེད་དུ་འཇུག་རྒྱུ་རེད། རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་སྣ་དབུལ་པོ་དང་། (རིམ་པ་དང་པོ་དང་གཉིས་པ)དབང་སྐྱོན་ཚབས་ཆེན། མི་ཧྲེང་རྒན་རྒོན། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་གྲོན་དངུལ་འཇལ་བར་དཀའ་ངལ་ཆེ་བའི་ཚོགས་སྤྱིར་སྒོར་100ཡི་གྲོན་དངུལ་འཇལ་བའི་རིམ་པ་དམའ་ཤོས་སོར་ཉར་བྱས་ཏེ་སྲིད་གཞུང་གིས་གྲོན་དངུལ་ཆ་ཚང་འཇལ་བ་དང་འབྲེལ་གོང་གསལ་གྱི་ཚོགས་སྤྱིར་གྲོན་དངུལ་འཇལ་བ་ལས་བྱུང་བའི་ཁ་གསབ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད་ཅེས་བཏོན་ཡོད། 

    གྲོན་དངུལ་འཇལ་བའི་ཁ་གསབ་ལེགས་སྒྲིག་ལམ་སྲོལ་འཛུགས་པའི་ཐད།  《ལག་བསྟར་བསམ་འཆར》ནང་གྲོན་དངུལ་འཇལ་བའི་རིམ་པ་དང་ཚད་གཞི་ལེགས་སྒྲིག་བྱས་ཏེ་སྲིད་གཞུང་གིས་ལོ་རེ་བཞིན་འགན་ཞུགས་མི་སྣར་ཧེ་བག་སྒོར་10ཡོད་པའི་ཚད་གཞིར་བརྟེན་ནས་གྲོན་དངུལ་འཇལ་བའི་ཁ་གསབ་མཐོ་རུ་གཏོང་རྒྱུ་སྟེ། སྒོར་200ནས་2000བར་གྱི་གྲོན་དངུལ་འཇལ་བའི་རིམ་པ་བཟོས་པ་དང་དེ་མཚུངས་ཀྱི་ཁ་གསབ་སྒོར་50ནས་150བར་ཡིན་པ་དང་། སྒོར་3000དང་། སྒོར་4000  སྒོར་5000བཅས་ཀྱི་གྲོན་དངུལ་འཇལ་བའི་རིམ་པ་མཐོ་པོ་དེ་དག་ལ་ཧེ་བག་སྒོར་50ཡིས་གྲོན་དངུལ་འཇལ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ། དེ་མཚུངས་ཀྱི་ཁ་གསབ་སྒོར་200དང་། སྒོར་250  སྒོར་300བཅས་སྤྲོད་རྒྱུ་རེད། ཁ་གསབ་མ་དངུལ་དེ་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང(ཆུས)བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་བསྡུར་ཚད་8:1:1ལ་གཞིགས་ནས་རིམ་དབྱེའི་ངང་འགན་འཁུར་རྒྱུ་རེད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སོགས་གྲོན་དངུལ་འཇལ་བར་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྲིད་གཞུང་གིས་མུ་མཐུད་ཁ་གསབ་སྒོར་40སྤྲོད་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།