[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལམ་སྲོལ་བཙུགས་པ།

    ​ ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྐོར་ཞིབ་ལོ་གསུམ་རེར་ཐེངས་རེ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཟླ་5ཚེས་11ཉིན་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་ནས། འདི་ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དམིགས་ཚད་ལས་འགན་དང་། ལྟ་ཞིབ་བརྒྱུད་རིམ། ལྟ་ཞིབ་ཕན་འབྲས་སོགས་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ་དང་ལོ་གསུམ་རེར་ཐེངས་རེའི་ལྗོངས་ཡོངས་ཀྱི“ཁོར་ཡུག་སྲུང་སྐྱོང་སྐོར་ཞིབ”དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད།

    《བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་2017ལོའི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལས་དོན་ཇུས་གཞིའི》ཞིབ་ཕྲའི་བཀོད་སྒྲིག་ལྟར། འདི་ལོ་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གྱིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གཉིས་བཙུགས་ནས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ལ་ཁག་སོ་སོར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། ཟླ་བ་ལྔ་པའི་ཟླ་དཀྱིལ་དུ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དུ་ཉིན་བཅོ་ལྔའི་ཡས་མས་བཅའ་སྡོད་བྱ་རྒྱུ་དང་ལྟ་སྐུལ་ཞིབ་བཤེར་བརྒྱུད་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད། ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད། ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་པ་བརྒྱུད་ལྟ་སྐུལ་ཞིབ་བཤེར་བྱ་ཡུལ་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།