[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོས་སློབ་གསོ་ལག་ལེན་བྱེད་སྒོའི་མ་དཔེ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-18

    ཉེ་དུས་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་ཞིབ་ཚགས་ལ་དམིགས་པ་དང་དོན་དངོས་ནས་སྒྲུབ་འགོ་རྩོམ་རྒྱུ་མཐའ་འཁྱོངས་བྱས་ཏེ“1+1+1”གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་གཞི་རྟེན་གྱི་མ་དཔེ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    བརྗོད་དོན་གཙོ་བོ་གསར་པ་1ནི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་རྒྱུ”དེ་ཡིན་ཞིང་། ཟླ་6པའི་ཟླ་འགོ་ནས་ཟླ་7པའི་ཟླ་འགོ་བར“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”བརྗོད་དོན་གཙོ་བོ་དེ་གཙོ་གནད་དུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་ནང་དོན་ཟབ་མོ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། གཙོ་རྐང་1ནི་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ་དེ་ཡིན་ཞིང་། རྫོང(ཆུས)ཁག་དང་ཁོངས་མིའི་ཚན་པ་ཁག་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུ”དེ་གཙོ་རྐང་དུ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་གནས་ཀྱི་དོན་དངོས་ལ་གཞི་འཛུགས་རྒྱུའི་སྒྲིག་འཛུགས་བྱེད་པ་དང་། ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ། རིམ་པ་དབྱེ་བ་དང་རིགས་དབྱེ་ནས་ཏང་ཡོན་ལས་བྱེད་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཞི་རྟེན་དང་ལས་སྟེགས་གཏན་འཁེལ་བྱས་ཏེ་དྲིལ་བསྒྲགས་ཀྱི་བརྒྱུད་རིམ་དེ་སློབ་སྦྱོང་གཏིང་ཟབ་བྱེད་པའི་བརྒྱུད་རིམ་ལ་འགྱུར་བ་བྱེད་པ་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་སྤྱད་དེ་སློབ་སྦྱོང་གི་ཕན་འབྲས་མྱོང་ཚོར་བྱེད་པ། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་1ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཤེས་བྱར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་རྒྱུ་དེ་ཡིན་ཞིང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་དུས་ཐུང་ནང་རྫོང(ཆུས)ཁག་གི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་ཤེས་བྱར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ཏེ། ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་སྔར་བས་ཤུགས་ཆེར་གཏོང་བ་དང་རིགས་པའི་གཞུང་ལུགས་སྤྱད་དེ་གནད་དོན་དངོས་ཐག་གཅོད་ཧུར་ཐག་བྱས་ནས་མི་ཚང་མས་ཆབ་སྲིད་ལ་སྣང་ཆེན་དང་མི་ཚང་མས་སློབ་སྦྱོང་ལ་སྣང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་དངོས་འབྲེལ་ཆགས་པ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།