[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤེན་པ་བཀྲ་ཤིས་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ཀྱིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་རིན་སྤུངས་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་དང་། གཞི་རིམ་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་མི། ཞིང་འབྲོག་མང་ཚོགས་བཅས་དང་མཉམ་དུ་བྱེད་སྒོ་གཏིང་ཟབ་སྤེལ་བའི་བྱེད་ཐབས་སྐོར་ལ་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འཇུག་གཞི་ནི་བསམ་བློར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་པ་དང་། ངོ་བོ་ནི་དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་པས། དེ་ནི་རྨང་གཞིའི་རང་བཞིན་དང་རྩ་བའི་རང་བཞིན་གྱི་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན་པས། བསམ་བློ་བརྟན་པོ་ཡོང་བ་བྱ་རྒྱུ་ནི་མི་སེམས་བརྟན་པོ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་སྔོན་འགྲོ་ཡིན་ལ། ལྟ་བ་གསར་བརྗེས་བྱ་རྒྱུ་ནི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བའི་འགག་རྩ་ཡིན་ཞིང་། ངོས་འཛིན་མཐོ་རུ་གཏོང་རྒྱུ་ནི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་རེད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བའི་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ། བྱེད་ལུགས་བྱེད་སྟངས་གསར་གཏོད་བྱེད་པ། ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ་བཅས་ཀྱི་ཐོག་ནས་ཏན་ཏན་ཏིག་ཏིག་གི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད་ལས་བྱེད་པར་སློབ་གསོ་ཐེབས་པ་དང་མང་ཚོགས་ལ་དངོས་ཕན་ཐོབ་པ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། གཞི་རིམ་གྱི་རྨང་གཞི་བཅས་སྔར་བས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།