[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ང་ཚོའི་སེམས་པ་མེས་རྒྱལ་དང་དམ་པོར་སྦྲེལ”

    གཞི་མདོ་ལ་ཁའི་གྲོང་མིའི་གཏམ་རྒྱུད་ཉན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    གསང་སྔགས་ཆོས་གཙང་པོ་བརྒྱུད་ང་ཚོ་རྫ་ཡུལ་རྫོང་གྲོང་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད་པའི་དམིགས་བསལ་གྲོང་སྡེ་སྟེ་གཤོང་མཇུག་གྲོང་ཚོ་གཞི་མདོ་ལ་ཁ་ཚོགས་ཆུང་དུ་འབྱོར།

    སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་ཞིང་དུད་རེ་རེ་བཞིན་ལ་སྐྱོད་སྐབས་གཙང་ཞིང་གྲལ་འགྲིག་པའི་སྒོ་ར་དང་རབ་ཏུ་བཞད་པའི་མེ་ཏོག་གིས་མི་རྣམས་བློ་བདེ་བག་ཕེབས་ཀྱི་གནས་སུ་མི་གནས་ཅི་ལ་སྲིད། ལོ་55ལ་སླེབས་པའི་གྲོང་མི་རྟ་མགྲིན་གྱིས་སེམས་རྩ་འཁོལ་པོའི་སྒོ་ནས་ང་ཚོ་ཁོང་གི་ཁྱིམ་དུ་གདན་དྲངས་བྱུང་།

    “‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་ཁྱེད་ཚོས་ཤེས་སམ”ཞེས་གསར་འགོད་པས་ཁ་རི་ཁ་ཐུག་ངང་དྲིས།

    “ཤེས་ཀྱི་ཡོད། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བཅས་བྱེད་དགོས་ལུགས་ང་ཚོས་སུ་ཞིག་ལས་ཀྱང་ཤེས་རྟོགས་དེ་བས་ཟབ་པ་ཐུབ་ཀྱི་ཡོད་ལ་མྱོང་ཚོར་ཡང་དེ་བས་ཟབ་པ་ཡོད”རྟ་མགྲིན་གྱིས་གསར་འགོད་པར་མངར་བསིལ་ལྡན་པའི་འབྲས་ཆང་བཀྱགས་རྗེས་འདྲ་པར་ཉར་དེབ་ནང་ནས་མཉམ་བཞུགས་དྲན་རྟེན་འདྲ་པར་ཞིག་བཏོན་ནས་ང་ཚོར་སྤྲད་བྱུང་། འདྲ་པར་དེའི་རྒྱབ་ལ“ང་ཚོ་ནི་གཞི་མདོ་ལ་ཁ་ཚོགས་ཆུང་གི་གྲོང་མི་ཡིན། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ནི་ང་ཚོའི་ཁྱིམ་གཞིས་ཡིན”ཞེས་བྲིས་འདུག

    རྟ་མགྲིན་གྱིས“བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ང་ཕ་དང་མཉམ་དུ་རྫ་ཡུལ་རྫོང་རི་གདོང་དང། གད་སྟག རྗེ་ཀོང་། བར་བཀག་བཅས་སུ་ཞིང་བྲན་གྱི་འཚོ་བ་སྐྱེལ་མྱོང་ཡོད། མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་དང་བོད་རྙིང་པའི་ཁྲལ་འུ་ལག་སྣ་ཚོགས་ལ་གཡོལ་ཆེད། ཁྱིམ་མཚེས་རྒྱལ་ཁབ་འབར་མར་བྲོས་བྱོལ་དུ་ཕྱིན་ནས་འབར་མའི་སྨི་ཀྲི་ནའི་ལུའོ་མོང་ཏང་རྫོང་ཏེ་ཤིས་ཏུའོ་ཡི་སང་ཏང་དང་། ཤིས་སྨི་ཏང་། མུའུ་ཏེང་སོགས་སུ་འཚོ་བ་བསྐྱལ་བ་ཡིན”ཞེས་བཤད། སྐད་ཆ་དེ་དག་ཤོད་སྐབས་རྟ་མགྲིན་གྱི་མིག་གཉིས་དམར་པོར་གྱུར་བ་དང་མིད་པ་འཆུས་བཞིན“འབར་མར་ལོ་50ལྷག་ཙམ་འཚོ་བ་བསྐྱལ་བ་ཡིན། དེ་གར་ས་རྒྱ་ཆུང་ལ་ཤིན་ཏུ་དབུལ་བས། ཉིན་ལྟར་ལྟོས་གྲོད་པ་མི་རྒྱགས་པའི་སེམས་ཁྲལ་དང་། གྱོན་ཆས་སྣ་གཅིག་ལ་ལྷན་པ་ཡང་སྐོར་བསྐྱར་སྐོར་བརྒྱབ་ནས་གྱོན་དགོས་ཀྱི་ཡོད་པ་མ་ཟད། མི་འགའ་རེས་མི་ཚེ་གཅིག་ལ་ལྷམ་གསར་པ་ཆ་གཅིག་ཀྱང་གྱོན་མྱོང་མེད་པ་སོགས་རེད”ཅེས་བཤད།

    རྟ་མགྲིན་གྱིས“མིག་སྔར་མི་རེར་ལོ་རེར་ཞིང་ཕན་མ་དངུལ་སྒོར་4000ལྷག་ཙམ་ཡོད་པ་དང་། གྲོང་མི་རྣམས‘གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ’དང‘གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི’ནང་ཞུགས་ཚད་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་། གཞི་མདོ་ལ་ཁ་ཚོགས་ཆུང་ཁོ་ནར་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་འགྲིམས་བཞིན་ཡོད་པའི་སློབ་མ་13ཡོད་པ་དང་། འདི་ལོ་མཐོ་རིམ་སློབ་འབྲིང་གི་སློབ་མ་1མཐོ་རྒྱུགས་ལ་ཞུགས་ཡོད”ཅེས་མཛུབ་མོར་རྩིས་ཤིག་བརྒྱབ་ནས་བཤད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གཞི་མདོ་ལ་ཁ་ཚོགས་ཆུང་ལ་འཕེལ་རྒྱས་མྱུར་པོ་དང་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། གཞི་མདོ་ལ་ཁ་ཚོགས་ཆུང་དང་མེས་རྒྱལ་གྱི་པང་དུ་ལོག་པའི་བོད་རིགས་སྤུན་ཟླའི་གྲོང་མི་ཚོགས་ཆུང་གཞན་2ཀྱིས་ཞིང་ནང་ས་ཆ་ཁོད་སྙོམས་པ་དང་། སྔོ་ཚལ་དྲོད་ཁང་ཆེ་མོ་སྐྲུན་པ། ཀོ་ཤ་འདེབས་འཛུགས་སོགས་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱས་པས་ཁེར་རྐྱང་གི་འདེབས་འཛུགས་གྲུབ་ཆར་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག་ཏང་དང་སྲིད་གཞུང་གིས་ད་དུང་གྲོང་མིར་རིག་གནས་བྱེད་སྒོ་ཁང་དང་ཞིང་ཁྱིམ་དཔེ་དེབ་ཁང་བཙུགས་པ་དང་། བདེ་འཇགས་འཐུང་ཆུའི་ཆུ་ཁུངས་བསྐྲུན་པ། ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་བྱས་པ། གྲོང་ཚོ་དང་དུད་ཚང་གི་འགྲོ་ལམ་མཁྲེགས་འགྱུར་བྱས་པ། བཙོག་འབུད་མདོང་ལམ་བསྐྲུན་པ་བཅས་བྱས་ཡོད།

    སྲིད་གཞུང་གིས་ད་དུང་དུད་ཚང་ཚང་མའི་གྲོང་མིར་སྒོར་ཁྲི་3ཁ་གསབ་བྱས་ནས་ཆུ་སྒྱུར་བཀོད་དང་། ལམ་སྒྱུར་བཀོད། གསང་སྤྱོད་སྒྱུར་བཀོད་སོགས་ཀྱི་ལས་དོན་སྤེལ་བས་མི་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད། “འགྲོ་བ་དགོན་གྲོང་རྡལ་གྱིས་རྟག་ཏུ་རྫོང་ཞིང་འབྲོག་ཅུས་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་འབྲེལ་ཡོད་ལག་རྩལ་གསོ་སྦྱོང་བྱས་ཏེ་ཁོང་ཚོའི་ཚན་རྩལ་དང་རིག་གནས་ཀྱི་བྱང་ཚད་དང་ཕྱུག་འགྱུར་ནུས་པ་ཆེ་རུ་གཏོང་གི་ཡོད་པ་རེད”ང་ཚོ་དང་མཉམ་དུ་བཅར་འདྲིར་ཡོང་མཁན་འགྲོ་བ་དགོན་གྲོང་རྡལ་གྱི་ཏང་ཨུད་ཨུ་ཡོན་དང་། དྲིལ་བསྒྲགས་ཨུ་ཡོན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བཅས་ཡིན་པའི་བསོད་ནམས་སྒྲོལ་མས་གསར་འགོད་པར། མིག་སྔར་གཞི་མདོ་ལ་ཁ་ཚོགས་ཆུང་ལ་བཀྲ་ཤིས་ཆོས་སྒྲོན་དང་འདྲ་བའི་ཀོ་ཤ་འདེབས་མཁན་འཇོན་ཐང་ཅན་དང་རྟ་མགྲིན་སོགས་སྔོ་ཚལ་འདེབས་མཁན་འཇོན་ཐང་ཅན་གྱི་དུད་ཚང་ཆེ་མོ་ཁག་གཅིག་ཐོན་ཡོད་ཅེས་བཤད།

    ད་ཆ་གཞི་མདོ་ལ་ཁ་ཚོགས་ཆུང་གི་དུད་ཚང་16གི་མི་62ཀྱི་ཁྲོད་ཏང་ཡོན་20ལྷག་ཙམ་ཡོད་པ་དང་ཁོང་ཚོས་གྲོང་མིའི་སྣེ་ཁྲིད་དེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་ནང་དོན་ཟབ་མོར་འགྲེལ་བཤད་བརྒྱབ་ཡོད་པ་རེད།

    ད་ལྟ་གྲོང་ཚོ་དེ་ཡོངས་ཀྱི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཟིན་པ་དང་དངུལ་སྨར་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཟིན་གྱི་ཡོད་པ་རེད། གྲོང་མི་དབང་གྲགས་དང་། ཚེ་རིང་། བསོད་ནམས་རྡོ་རྗེ་བཅས་སྐྱེལ་འདྲེན་ལས་ལ་ཞུགས་པར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་18ལྷག་ཙམ་ཟིན་ཡོད།

    གཞི་མདོ་ལ་ཁ་ཚོགས་ཆུང་གི་ཏང་ཡོན་དང་ཡུལ་དམག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག”དང“ཐོལ་བྱུང་འཕྲལ་སྡོམ་ཐག་གཅོད་རུ་ཁག”བཙུགས་ནས་དུས་ཆེན་གལ་ཆེ་དང་ཚོར་སྣང་སྐྱེན་པའི་དུས་ཚིགས་སུ་སྐོར་གཡེང་བྱེད་པ་དང་ཆབས་ཅིག“གཉིས་ལྡན་དུད་སྦྲེལ”གཞི་བརྟེན་དུ་བྱས་ནས“སྐར་མ་རིམ་པ་ལྔ་པའི་ཞིང་དུད”དང་། “ཏང་ཡོན་རྩེ་གྲ་བཅུ”“བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང”སོགས་དཔྱད་འདེམས་བྱེད་སྒོ་ཧུར་ཐག་སྤེལ་བས་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མིའི་གཟི་བརྗིད་ལྡན་སེམས་དང་ཡར་རྒྱས་འགྲོ་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

    དེ་དང་ཆབས་ཅིག གཞི་མདོ་ལ་ཁ་ཚོགས་ཆུང་གི་གྲོང་མིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་མི་ཚང་མ་ནགས་སྲུང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་པ། ཆུ་ཁུངས་སྲུང་སྐྱོང་བ་བཅས་བྱེད་ཐུབ་པའི་བརྩོན་ལེན་བྱས་ནས“ཁྱིམ་གཞིས་གཙང་བ་དང་མཛེས་སྡུག་ལྡན་པའི་རྫ་ཡུལ་དུ་ང་ཚོས་བྱ་སྤྱོད་སྤེལ”ཞེས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ཧུར་ཐག་སྤེལ་བས“བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་གྲོང་ཚོའི”མཚན་སྙན་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།