[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀུན་བཟང་གིས་ང་རང་བློ་བདེ་བག་ཕེབས་ངང་ཚེ་མཇུག་སྐྱེལ་ཆོག་ཅེས་བཤད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    ངའི་མིང་ལ་ཀུན་བཟང་ཟེར་བ་དང་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་རགས་ཁ་སྨད་སྒོ་ར་ཆེ་མོའི་ནང་སྡོད་ཀྱི་ཡོད། 1991ལོར་ཉིང་ཁྲི་ས་ཁུལ(ད་ལྟའི་ཉིང་ཁྲི་གྲོང་ཁྱེར)བཟོ་ཚོང་མཉམ་འབྲེལ་ཀུང་སི་ནས་ལས་འཁྱུར་བྱས་རྗེས་ལྷ་སར་གཏན་སྡོད་བྱེད་ཀྱི་ཡོད། ལོ་དེ་དག་རིང་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་འགྱུར་ལྡོག་ཕུད། གང་ཅིའི་ཐད་ཧ་ཅང་བདེ་སྐྱིད་ཀྱི་ཚོར་སྣང་ཆེན་པོ་ཡོང་གི་འདུག་ཅེས་བཤད།

    2012ལོ་ནས་བཟུང་ང་ཚོ་ལས་འཁྱུར་མི་སྣའི་སྨན་བཅོས་ཆ་རྐྱེན་དང་ཕན་བདེའི་ཁ་གསབ་སྣ་ཚོགས་ཐད་ལེགས་བཅོས་ཆེན་པོ་བྱུང་ཡོད། ངའི་ལས་འཁྱུར་ངལ་གསོའི་གླ་ཕོགས་ཟླ་རེར་སྒོར་ཆིག་སྟོང་ནས་ད་ལྟའི་སྒོར་3000ལྷག་ཙམ་བར་མང་དུ་ཕྱིན་ནས་བློ་ཡིད་ཚིམ་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། རིག་གནས་སློབ་གསོའི་ཐད། ནང་སར་ཡོད་པ་བོད་དུའང་ཚང་མ་ཡོད་པ་དང་ཐ་ན་བོད་ཀྱི་སྲིད་ཇུས་འགའ་ཤས་ནང་ས་ལས་ཀྱང་ཡག་པ་ཡོད། ཞིང་འབྲོག་པའི་བུ་ཕྲུག་ལ“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པས་ཕྲུ་གུ་མི་ཉུང་བ་ཞིག་ལ་ཕན་པ་ཐོབ་ཡོད་ཅེས་བཤད།

    1971ལོའི་ཟླ་7ཚེས་1ཉིན་ང་གཟི་བརྗིད་ལྡན་པའི་ངང་ཀྲུང་གུང་ཏང་ཡོན་ལ་གྱུར་པའི་ཉིན་དེ་ངས་ནམ་ཡང་བློ་ལ་ངེས་སྲིད། དུས་དེ་ནས་བཟུང་ངས་གཟི་བརྗིད་ལྡན་པའི་ལས་འགན་ཐོག་མཐའ་བར་གསུམ་དུ་ཕྲག་ཐོག་ཏུ་འཁུར་ཡོད། ང་ཚོས་ཏང་གི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ཏེ་འཕེལ་རྒྱས་མགྱོགས་ཤོས་དང་། གྲ་རྒྱས་ཤོས། སྟོབས་འབྱོར་ལྡན་ཤོས། བདེ་སྐྱིད་ལྡན་ཤོས་བཅས་ཀྱི་རྒྱལ་ཁབ་བསྐྲུན་རྒྱུར་ལེགས་སྐྱེས་མང་ཙམ་འབུལ་དགོས་ངེས་རེད། ང་ཚོ་ཚང་མས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་དང་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་དེ་བས་ལེགས་པ་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།