[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བློ་སེམས་སྒྲིལ་ནས་ཕུགས་ཇུས་འགོད། ནམ་ཡང་ཏང་གི་རྗེས་སུ་འབྲངས།

    ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-20

    ཉིན་ཤས་བསྟུད་མར་ཕུལ་བྱུང་གྲུབ་འབྲས་ཐོག་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་རྒྱུ་དེ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གླེང་གཞི་ཆེ་ཤོས་སུ་གྱུར་ཡོད། ཁོང་ཚོས་དེང་སྐབས་སྤེལ་བཞིན་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ་དང་། མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་བཟང་ལ་བརྟེན་པ། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་ཏང་གི་རྗེས་སུ་འབྲངས་པ། སྲོལ་ངན་དོར་བ་དང་སྲོལ་བཟང་གཏོད་པ། དངོས་དངོས་རྗེན་རྗེན་གྱི་ངར་ཤུགས་བཅས་ལ་བརྟེན་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཁྲེང་ཀོན་ཆུས་དར་དམར་གྲོང་ཚོ་ནི་ལོ་མང་པོའི་གོང་དུ་ཉེ་རིང་ཀུན་ལ་གྲགས་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན། འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་འཕྲིན་གསང་པོ་མེད་ཅིང་། ཡུལ་མི་རྣམས་ཀྱིས་སོ་ནམ་ལ་བརྟེན་གྱི་ཡོད་པས་ལོ་ཧྲིལ་པོར་ལྟོ་གོས་འཕྱིས་ཙམ་ལས་མེད། ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་དར་དམར་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་བཏང་ནས་དབུལ་སྒྲོལ་བདེ་བླག་བྱུང་ཡོད། དར་དམར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་བསྒྲགས་པ་དང་། ལོ་5ཡི་རིང་། ཏང་ཡོན་གྱིས་སྣེ་ཁྲིད་ནས་དཀའ་སྤྱད་དངོས་སྒྲུབ་བྱས་པས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་སོང་བ་དང་། འབྱོར་འབྲིང་འཚོ་བར་རོལ་རྒྱུའི་ཐད་ཚང་མར་སྔར་བས་གདེང་ཚོད་ཡོད་པར་གྱུར”ཞེས་བཤད།

    2017གྱི་ལོ་འགོར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་མར་ར་གྲོང་ཚོའི་གྲོང་མི་བསོད་ནམས་དར་མོ་བདེ་བླག་ངང་དབུལ་སྒྲོལ་བྱུང་ཡོད། ཁོང་གིས“འདས་པའི་ལོ་5ཡི་རིང་ནི་མི་སེར་ལ་དངོས་ཕན་མང་ཤོས་ཐོབ་པའི་ལོ་5ཡིན། ལོ་5ཡི་གོང་དུ་ང་ཚོ་དུད་ཚང་དབུལ་པོ་ཡིན་ནའང་ད་ཆ་གྲོང་ཚོའི་ནང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེའི་སྐབས། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་འཚོ་བ་སྔར་བས་ཡག་པོ་སྐྱེལ་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད”ཅེས་སྤོབས་པ་དང་བཅས་བརྗོད།

    “མི་རིགས་མཐུན་སྒྲིལ་ཆེན་པོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་ལམ་བུ་ཡིན། སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད། རང་རེའི་གྲོང་ཁྱེར་གྱིས་ཉེ་ཆར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་རིགས་དང་ཆོས་ལུགས་ལས་དོན་ཅུས་མི་རིགས་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་ལྷ་མོས་བཤད། ཁོང་གིས“བྱེད་སྒོའི་བརྗོད་དོན་གཙོ་བོ་ནི‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད’ཅེས་པ་དེ་ཡིན། སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་རྒྱུའི་དམིགས་ཡུལ་ནི་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་། ལོ་ཆུང་གདོང་ལེན་རུ་མི། བུད་མེད་རྩ་འཛུགས་སོགས་ཚོགས་པར་སྐུལ་སློང་བྱེད་པ་དང་། ‘ཁྱབ་པ་བདུན’དམ་འཛིན་བྱ་གཞིར་བྱས་ནས་ཁྱབ་བསྒྲགས་དང་། གཟེངས་བསྟོད། གཞི་རིམ་དུ་བསྐྱོད་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་ཞི་མཐུན་རྣམ་པ་བཏོད་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་བདེ་བླག་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་དེ་རེད”ཅེས་བརྗོད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ཧྥེང་ཞའོ་ཅོན་གྱིས“ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་བཟང་སྤྱོད་མི་སྐྱོང་གི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་གསོའི་འདུ་ཤེས་མཐའ་འཁྱོངས། སློབ་གསོའི་ཕུགས་འདུན་སེམས་སུ་འཆང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཐད་བཏོན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་བསྟར་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་མི་རབས་རྗེས་མ་གསོ་སྐྱོང་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།