[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཐང་གའི་འགྲེམས་ཚོགས”སྐབས་དྲུག་པས་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ལ་མུ་མཐུད་གསོན་ཤུགས་སྦྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-28

     ཉེ་དུས། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། འཕེལ་རྒྱས་ཆེན་པོ་བྱུང་བའི་རང་ལྗོངས་ཀྱི་ཐང་གའི་ཐོན་ལས་འདི་ཉིད་རང་ལྗོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཅུང་ཆེ་བའི་ཁྱད་ལྡན་རིག་གནས་ཐོན་ལས་ལ་རིམ་བཞིན་འགྱུར་བཞིན་ཡོད། རགས་རྩིས་ལྟར་ན། ད་ཆ་ལྗོངས་ཡོངས་སུ་ཆེད་ལས་ལྷ་འབྲི་བ་2000ལྷག་ཙམ་ཡོད་པ་དང་། ལོ་ལྟར་སྤུས་ཀ་དག་པའི་ཐང་ག་ཆིག་སྟོང་ལྷག་ཙམ་བཞེངས་ཀྱི་ཡོད་པ། ཐང་གའི་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ལྷག་ཟིན་གྱི་ཡོད།

    ཐང་གའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ཐང་ག་ལས་བྱུང་བའི་དཔལ་འབྱོར་ཕན་འབྲས་ཀྱང་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། བསྡོམས་རྩིས་ལྟར་ན། རང་ལྗོངས་ཀྱིས“ཐང་གའི་འགྲེམས་ཚོགས”གཉེར་བའི་ལོ་7ནང་བོད་ཀྱི་རིམ་ལྡན་ལྷ་འབྲི་བ་99ཡིས་བཞེངས་པའི་ཐང་གའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་11.3ཟིན་ཡོད། དེར་གཞིགས་ནས་འདེད་རྩིས་བརྒྱབ་ན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས“ཐང་གའི་འགྲེམས་ཚོགས”ལས་སྟེགས་དང་རིམ་ལྡན་ལྷ་འབྲི་བ་སོགས་བརྒྱུད། མཐའ་འཁོར་གྱི་ལས་རིགས་ལ་མི་6300ཙམ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་དང་། ལོ་རེར་སྤུས་ཀ་དག་པའི་ཐང་ག་5000ལྷག་ཙམ་བཞེངས་ཐུབ་པ། ཐང་གའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་7ཡས་མས་ཟིན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།