[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གམ་པ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

     ཉེ་དུས་གསར་འགོད་པར་གམ་པ་རྫོང་ནས་ཤེས་རྟོགས་བྱུང་གསལ། གམ་པ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི“ཕྱོགས་བཞིར་སྤེལ་བའི”ལས་དོན་འཚོལ་ཞིབ་གསར་གཏོད་བྱས་ཏེ“མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ”རྫོང་ཡོངས་ཀྱི་ལས་ཀའི་དམིགས་ས་དང་དོན་ལ་འབབ་སར་བྱས་པས་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་དང་མཐའ་མཚམས་ཞི་མཐུན་དར་རྒྱས་དང་སྲ་བརྟན་ཡོང་བར་སྐུལ་འདེད་ཐེབས་ཡོད།

    མི་རིགས་མཐུན་སྒྲིལ་བྱ་རྒྱུ་ལས་ཁུངས་སུ་དྲིལ་བསྒྲགས་བྱས་པས་ཏང་དང་ལས་བྱེད་པ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཞིང་། 《རྫོང་གི“ཚན་ཁག་བཞིའི”གཟའ་འཁོར་རེའི་འཆར་ཅན་ཚོགས་འདུའི་ལམ་ལུགས》བཟོས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་གཞིར་བཟུང་གལ་ཆེའི་ཐབས་ཇུས་དང་། གལ་ཆེའི་བྱ་བ། འགྲོ་གྲོན་འབོར་ཆེན་བཅས་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་ཚན་ཁག་ཁོངས་མིའི་དབར་ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་སློབ་སྦྱོང་། དགེ་སྒྲུབ་སྐྱོན་སྤང་བཅས་ཡོང་བ་བྱས་ཡོད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ཟབ་ཏུ་བཏང་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཤང(གྲོང་རྡལ)དང་གྲོང་ཚོར(གྲོང་ལྷན)བསྐྱོད་ནས་མང་ཚོགས་དང་འབྲེལ་གཏུག་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    མི་རིགས་མཐུན་སྒྲིལ་བྱ་རྒྱུ་སློབ་གྲྭར་དྲིལ་བསྒྲགས་བྱས་པས་རྒྱུན་འཛིན་པའི་དཔུང་ཁག་སྔར་བས་དྭངས་གཙང་བྱུང་ཞིང་། བོད་གསར་རྙིང་སྡུར་བ་བྱེད་པའི་སློབ་གསོ་མངོན་གསལ་དོད་དུ་གཏོང་བ་དང་། ལོ་ལྟར་གྱི“3·28”ཉིན་མོར་སློབ་གྲྭའི་དགེ་སློབ་ལུང་རོང་ཤང་གོག་ཚོ་གྲོང་ཚོའི“རང་སྐྱོང་ལྗོངས་རིམ་པའི་བོད་གསར་རྙིང་སྡུར་བ་བྱེད་པའི་འགྲེམས་སྟོན་ས་ཚིགས”སུ་ལྟ་སྐོར་སྒྲིག་འཛུགས་བྱས་ཏེ་དགེ་སློབ་ཚོར་བོད་རྙིང་པའི་སྡུག་བསྔལ་དངོས་སུ་ཚོར་བར་བྱས་པ་དང་བོད་གསར་པའི་བདེ་སྐྱིད་ལ་གཅེས་སྤྲས་བྱེད་དགོས་ལུགས་ཤེས་སུ་བཅུག་ཡོད། མི་རིགས་མཐུན་སྒྲིལ་སློབ་གསོ་མངོན་གསལ་དོད་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་སློབ་གྲྭའི་བསམ་བློ་ཀུན་སྤྱོད་སློབ་གསོའི་ཉིན་རེའི་གྲོས་རིམ་གལ་ཆེན་ལ་བཅུག་ནས་སློབ་མར“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པའི་བསམ་བློ་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    མི་རིགས་མཐུན་སྒྲིལ་བྱ་རྒྱུ་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱས་པས་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཞིང་། སྒྲོག་འགྲེལ་ཚོགས་པ་4སྒྲིག་འཛུགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཚོར་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྔར་བས་སློབ་གསོ་བརྒྱབ་ཡོད། “ཆུ་སྒང་གཞུང་ལམ”ལམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་འགྲེམས་པང་4བཙུགས་པ་དང་ཤང་རིམ་པའི་ཕྱོགས་བསྡུས་རིག་གནས་ས་ཚིགས་སུ་གཟའ་འཁོར་རེར་མང་ཚོགས་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྗོད་གཞིར་བྱས་པའི་གློག་བརྙན་ཐེངས་གཅིག་སྟོན་གྱི་ཡོད།

    མི་རིགས་མཐུན་སྒྲིལ་བྱ་རྒྱུ་དམག་སྒར་དུ་དྲིལ་བསྒྲགས་བྱས་པས་དམག་དམངས་དབར་གྱི་མཐུན་སྒྲིལ་དེ་བས་ཟབ་ཏུ་ཕྱིན་ཞིང་། རྫོང་ཨུད་ཀྱི་སྤྱི་འདོམས་བཀོད་སྒྲིག་འོག་བཅའ་སྡོད་ཁུལ་གྱི་མཐའ་སྲུང་མངགས་གཏོང་ཁང་ལ་བརྟེན་ནས་རིན་མེད་ངང་སྨན་སྐྱེལ་བ་དང་། ཉེན་སེལ་དཀའ་རོགས་བྱེད་པ། རྩལ་ནུས་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་དམག་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་དང་མཐའ་སྲུང་དོ་དམ་ཚོད་འཛིན་གྱི་མ་ལག་ཅིག་བཏོད་ཡོད། རྫོང་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་2“གཉིས་བཀུར”འགྲོ་གྲོན་ལ་སྤྱད་ནས་དཔུང་སྡེར་དམག་སྒར་མཛེས་བཟོ་བྱ་རྒྱུ་དང་རྒྱབ་ཕྱོགས་མཁོ་སྤྲོད་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། “རིག་རྩལ་དམག་སྒར་དུ་སྐྱོད་པའི”བྱེད་སྒོ་ཧུར་ཐག་སྤེལ་ཏེ་དཔུང་སྡེ་རྫོང་ཡོངས་ཀྱི་དུས་ཆེན་བྱེད་སྒོ་ཆེ་གྲས་ལ་ཞུགས་རྒྱུར་གདན་ཞུ་བྱས་ནས་དམག་དམངས་མཉམ་འདྲེས་དང་དམག་དཔུང་དང་ས་གནས་ཀྱི་མཐུན་སྒྲིལ་ཟབ་ཏུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།