[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཟླ་10ཚེས་18ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པའི་གཏམ་བཟང་གཞིས་རྩེར་ཁྱབ་རྗེས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་དང་དགའ་སྤྲོའི་རྣམ་པས་ཁེངས་བཞིན་དུ་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དེ་བས་ཧུར་བརྩོན་ཡར་སྐྱེད། དེ་བས་ཕུལ་བྱུང་གི་གྲུབ་འབྲས་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་བཤད་པ་རེད།

    བཞད་མཐོང་སྨོན་རྫོང་རུ་ཁུད་གྲོང་ཚོར་རྫོང་དེའི་རིག་གནས་ཅུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་རིག་རྩལ་གཤམ་སྤེལ་འཁྲབ་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་པར་མང་ཚོགས་300ལྷག་ཙམ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། སྙན་འཇེབས་ལྡན་པའི་གླུ་དབྱངས་དང་འཁྲུག་ཆ་དོད་པའི་མི་རིགས་ཞབས་བྲོ་ལས་བཞད་མཐོང་སྨོན་རྫོང་གི་དུས་བདེ་དང་། མཐུན་སྒྲིལ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རྣམ་པ་ཁྱོན་ཡོངས་ནས་མངོན་པ་དང་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ཡོད། ལྟད་མོ་བས་སྤྲོ་སྣང་ཆེན་པོས་འཁྲབ་སྟོན་ལ་ལྟ་བ་མ་ཟད། དགའ་བསུ་ཡང་ཡང་ཞུ་གི་ཡོད།

    བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་དུ་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”རྣམ་པའི་ཐོག་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཤིང་། ལོ་72ལ་སོན་པའི་གྲོང་མི་ཉི་མ་ཕུན་ཚོགས་ཀྱིས་གྲོང་ཚོའི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་རྗེས་དགའ་ཚོར་ཆེན་པོས་གསར་འགོད་པར“ད་ལྟ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་གྲོང་ཚོའི་ནང་རྒྱ་ཆེ་ལ་ཁོད་སྙོམས་པའི་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། མང་ཚོགས་ལ་དྭངས་གཙང་གི་རང་འབབ་ཆུ་ཀ་ལ་འཐུང་རྒྱུ་ཡོད་པ། དུད་ཚང་ཚང་མར་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་སྤྱོད་རྒྱུ་ཡོད་པས་ང་རང་རྒྱལ་ཁབ་འདི་འདྲ་ཞིག་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག ངས་ཀྱང་ཕྲུ་གུ་ཚོར་གོ་སྐབས་གཅེས་འཛིན་གྱིས་སློབ་སྦྱོང་ཡག་པོ་བྱེད་པ་དང་། འཚོ་བ་ཡག་པོ་སྐྱེལ་བ། མེས་རྒྱལ་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡིན”ཞེས་བཤད་པ་རེད།

    པ་སྣམ་རྫོང་དཔའ་རྩལ་ཤང་དུ་གྲོང་སྡོད་ལས་དོན་རུ་ཁག་གིས“སྐད་གཉིས”སློབ་སྦྱོང་གོ་སྐབས་སུ་བྱས་ཏེ“སྐད་གཉིས”སློབ་སྦྱོང་འགྲན་བསྡུར་སྤེལ་ནས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་པ་རེད། རྒྱ་ཆེའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས“ང་ཚོས་གྲོང་ཚོའི་ནང་གི་བོད་རིགས་སྤུན་ཟླ་ཚོར་རྒྱ་སྐད་སློབ་པ་མ་ཟད། ད་དུང་མང་ཚོགས་གཅིག་ང་ཚོའི་བོད་ཡིག་དགེ་རྒན་བྱེད་པར་གདན་དྲངས་ཡོད། དེ་ལྟར་བྱས་ནས་མི་རིགས་མཐུན་སྒྲིལ་མི་ཚང་མའི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་བཞིན་ཡོད”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།