[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་དམག་སྲིད་མཐུན་སྒྲིལ་དང་། དམག་དམངས་མཐུན་སྒྲིལ། ཉེན་རྟོག་པ་དང་མི་དམངས་དབར་མཐུན་སྒྲིལ། དམག་དཔུང་དང་ས་གནས་དབར་མཐུན་སྒྲིལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བསྐྲུན་དགོས་ཞེས་དང་ཁྱོན་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོར་བསྒྲེངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། དེ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་རང་གི་མིག་འབྲས་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་གི་ཚེ་སྲོག་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས། སྤགས་གོང་སྒྲིལ་བ་ལྟར་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་དམིགས་སུ་བཀར་ནས་མཛུབ་སྟོན་གནང་ཡོད་པས། ང་ཚོས་རང་ཉིད་ནས་འགོ་འཛུགས་པ་དང་། ཉེ་འགྲམ་ནས་འགོ་འཛུགས་པ། ཆུང་ཙག་ནས་འགོ་འཛུགས་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་རྒྱུ་དང་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    གྲུ་གཟིངས་ཀྱི་ཤུགས་དེ་རླུང་གཡོར་ལ་བརྟེན་དགོས་པ་དང་མིའི་སྟོབས་ཤུགས་ནི་སེམས་ནང་གནས་ཡོད། མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ནི་བསམ་པའི་སྤེལ་རེས་ཡིན་པས་ཕན་ཚུན་བསམ་ཤེས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད། ཉིན་བཞིན་རྒྱ་ཆེར་འགྲོ་བའི་མི་རིགས་དབར་གྱི་འགྲོ་འོང་ཁྲོད་མི་རིགས་ཁག་གི་མང་ཚོགས་དབར་འགལ་ཟླ་ཆུང་ཙག་ནི་ཐོན་སྲིད་པ་ཞིག་ཡིན་པས་ཞིབ་ཕྲའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱེད་པ་དང་དོན་དག་གང་ཡིན་པ་དེ་གླེང་བ་དང་། ཁྲིམས་གང་ལ་བརྟེན་དགོས་པ་དེར་བརྟེན་པ་ལས་ཚང་མ་མི་རིགས་གནད་དོན་ཐོག་འཇོག་རྒྱུ་མེད། མི་རིགས་ཁག་གི་སྤུན་ཟླ་ཚང་མས་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གིས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས།

    མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བསམ་པ་དང་། བློ་རིག བྱ་སྤྱོད་བཅས་གསུམ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་པ་ཞིག་ཡིན་པ་དང་རྒྱལ་གཅེས་ཀྱི་བསམ་པ་དང་། རྒྱལ་ཁབ་སྟོབས་ལྡན་གྱི་བློ་སྟོབས། རྒྱལ་ཁབ་ཀྱི་དྲིན་གསོ་བའི་བྱ་སྤྱོད་བཅས་གཅིག་ཏུ་སྒྲིལ་བ་ཞིག་ཡིན། དངོས་འབྲེལ་དྲང་འབྲེལ་གྱི་རྒྱལ་གཅེས་རིང་ལུགས་དེ་ནི་ཁ་སྙན་ཚིག་སྙན་ཁྲོད་ནས་མངོན་པ་ཞིག་མ་ཡིན་པར་མེས་རྒྱལ་ཆེད་དུ་ཕན་བདེ་བསྐྲུན་པ་དང་མི་དམངས་ཆེད་དུ་ཕན་བདེ་བསྐྲུན་པའི་བྱ་སྤྱོད་དངོས་ནང་མངོན་ཐུབ་པ་ཞིག་ཡིན། ང་ཚོས་རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་བར་མི་སྒེར་གྱི་བྱ་སྤྱོད་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ནང་མཉམ་འདྲེས་ཐུབ་པ་བྱས་ནས་རྒྱལ་གཅེས་རིང་ལུགས་དེ་སྤྱི་ཚོགས་ཡར་ཐོན་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།