[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2017ལོའི་བོད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲ་ཐོག་གཞས་པའི་འགྲན་བསྡུར་ཆེ་མོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཚེས་11ཉིན་གྱི་དགོང་མོ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་། ལྗོངས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་སོགས་ཚན་པས་མཉམ་གཉེར་བྱས་པའི“དུས་རབས་གསར་པ་བསུས་ནས་སེམས་དབུས་ཀྱི་སྙན་དབྱངས་ཏང་ལ་འབུལ”ཞེས་པའི་2017ལོའི་བོད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲ་ཐོག་གཞས་པའི་འགྲན་བསྡུར་གྱི”རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲ་སྒྲིག་འགྲན་བསྡུར་ཁྲོད་ནས་བདམས་ཐོན་བྱུང་བའི་གཞས་པ་20དེ་དག་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་ཞུགས་ཀྱི་གླུ་གཞས་དེ་དག་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་རིང་ཐོན་པའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཤ་སྟག་ཡིན་ཞིང་། མཐར་སྐལ་བཟང་རྒྱ་མཚོ་སོགས་བདམས་ཐོན་པ་6ལ་བྱ་དགའ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།