[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་ལ་བྱ་ཐབས་གསར་པ་བཏོན་པར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ“སྲིད་གཞུང་གི་ཉེན་ཁའི་ཁ་གསབ་ཐེབས་རྩ+དངུལ་བུན་གཏང་ཡུལ”གྱི་གསར་སྤེལ་གྱི་རྣམ་པ་གསར་གཏོད་བྱས་ནས་དབུལ་སྐྱོར་ཐོན་ལས་གསར་སྤེལ་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་ཆེད་མངགས་ཞིང་ལས་དངུལ་ཁང་ཆབ་མདོ་ཡན་ལག་དངུལ་ཁང་གི་གནད་སྨིན་དབུལ་སྐྱོར་གཙོ་གནད་ཐོན་ལས་རྣམ་གྲངས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་རྣམ་གྲངས་མཛོད་ཀྱི་ཐོན་ལས་རྣམ་གྲངས་23ལ་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་ཁེ་ལས་ནང་ངོས་ཀྱི་དོ་དམ་ལམ་ལུགས་དང་ཁྲིམས་མི་བཅོས་སྐྱོང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བར་རོགས་རམ་དང་མཛུབ་ཁྲིད་བྱས་ཏེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་མ་རྩ་བདེ་བླག་ངང་མཉམ་བསྡུ་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱས་པ་རེད། ཟླ་8པའི་བར་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་ཉིང་ལག་དངུལ་ཁང་གིས་སྲིད་གཞུང་དང་ཉེན་ཁའི་ཁ་གསབ་དངུལ་གྱི་གྲོས་མཐུན་བཞག་སྟེ་ཉེན་ཁའི་ཁ་གསབ་ཁྱོན་སྒོར་དུང་ཕྱུར་2.85བཏང་བ་དང་གནད་སྨིན་དབུལ་སྐྱོར་ཐོན་ལས་དངུལ་བུན་ཁག་21བཏང་བར་ཁྱོན་སྒོར་ཁྲི་24710ཟིན་ནས་དངུལ་བུན་ཁག་3བདག་སྤྲོད་བྱེད་བཞིན་ཡོད་པར་མ་དངུལ་སྒོར་ཁྲི་5500ཟིན་པ་དེ་སྔོན་རྩིས་བྱས་ན་ཉེ་ཆར་དམིགས་སར་སྤྲོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།