[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི“ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་གཞིའི”གནས་སྤོའི་ལས་འགན་ཕྱེད་ཀ་ཡན་ལེགས་སྒྲུབ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2016ལོ་ནས་བཟུང་ལོ་ལྔ་ཡི་དུས་ཚོད་སྤྱད་དེ“ཡུལ་དེའི་ས་ཆུས་ཡུལ་དེའི་མི་གསོ་མི་ཐུབ་པའི”ས་ཁུལ་དུ་འཚོ་བ་སྐྱེལ་མཁན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་1000ཙམ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    མིག་སྔའི་བར། རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་གཞིའི་ཁྲོད་ཀྱི་གནས་སྤོའི་ལས་འགན་ཕྱེད་ཀ་ཡན་ལེགས་སྒྲུབ་ཟིན་ཡོད་པ་རེད།

    ཟླ་8པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་སུ་2017ལོ་འཁོར་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྣམ་གྲངས་ཁྲི་1.4ལྷག་ཙམ་ལས་འགོ་བཙུགས་པས་ལས་འགོ་ཚུགས་ཚད་95%ཟིན་པ་དང་རིམ་རྩིས་བྱས་ན་རྣམ་གྲངས་4000ལྷག་ཙམ་ལས་མཇུག་འགྲིལ་ནས་ལས་མཇུག་འགྲིལ་ཚད་28%ཟིན་པའི་ཁྲོད་ཧོ་པེ་དང་། ཧྲན་ཤིས། ཨན་ཧུའེ། ཧྥུའུ་ཅན། ཧོ་ནན། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། བོད་ལྗོངས། ཧྲའན་ཤིས། མཚོ་སྔོན། ཉིང་ཞ་སོགས་ཞིང་ཆེན་13གྱི་ལས་འགོ་ཚུགས་ཚད་100%ཟིན་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་སྒོར་དུང་ཕྱུར་1000ལྷག་ཙམ་བཏང་སྟེ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར། ས་གནས་ཁག་གིས་2017ལོའི་གནས་སྤོའི་འཆར་གཞིའི་ནང་བཅུག་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་159ལ་རོགས་སྐྱོར་བྱ་ཐབས་ཇུས་འགོད་བྱས་པའམ་ཡང་ན་དོན་འཁྱོལ་བྱས་ཏེ་དུད་ཚང་རེས་ཆ་སྙོམས་མི་1ཡན་ལ་རོགས་སྐྱོར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།