[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བསྟན་ཁོས་བོད་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-21

    ཚེས་18ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་ཕེབས་ཏེ། ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། ཆེད་དོན་ཟུར་ཁྲིད་སྙན་ཞུ་ཡང་གནང་བ་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་མ་110ལྷག་ཙམ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།

    བསྟན་ཁོས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་དགོན་སྡེ་དོ་དམ་ལས་དོན་གྱི་སྤྱི་ཡོངས་ཀྱི་གལ་ཆེན་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བའི་ཁར། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁུར་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ནས། ཆེད་ལས་ཀྱི་འཇོན་ཐང་དང་། ཆབ་སྲིད་ཁྲིད་སྟོན་གྱི་འཇོན་ཐང་། ཆབ་སྲིད་ཁོང་དུ་ཆུད་པའི་འཇོན་ཐང་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་སྣང་མེད་ལྷོད་གཡེང་གི་བསམ་པ་ཁྱད་བསད་དང་ལས་ཀའི་གཙོ་གནད་ལ་དམ་འཛིན་གྱིས་ལས་དོན་ཤུགས་དང་ལྡན་པ་དང་། བྱེད་ཐབས་ཞིབ་ཅིང་ཕྲ་བ། སྤྱོད་ཚུལ་དྲང་ཞིང་ནན་པ་བཅས་ཀྱིས་དོ་དམ་གྱི་འགན་འཁྲི་ལག་ལེན་ཡག་པོ་བསྟར་བ་དང་། སློབ་གསོའི་འགན་འཁྲི་དོན་འཁྱོལ་བྱེད་པ། དགོན་སྡེའི་གྲྭ་བཙུན་གྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུག་དང་གཅིག་གྱུར་ཡོང་བ། དགོན་སྡེའི་གྲྭ་བཙུན་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆའི་འོག་མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་དང་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་དགོན་སྡེ་དོ་དམ་ལས་དོན་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།