[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རབ་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྲོང་ཁྱེར(ས་ཁུལ)གྱི་དཔྱད་ཞིབ་སྤེལ་མའི་ཚོགས་ཆུང་གཞིས་རྩེར་བསྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

     ཚེས་4ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔྱད་ཞིབ་སྤེལ་མའི་གཞིས་རྩེ་གྲོང་ཁྱེར་གྱི་སྙན་ཞུའི་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་ལས། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྲོང་ཁྱེར(ས་ཁུལ)གྱི་དཔྱད་ཞིབ་སྤེལ་མའི་དཔྱད་ཞིབ་ཚོགས་ཆུང་ཨང་བདུན་པ་གཞིས་རྩེར་དངོས་སུ་བསྐྱོད་ནས། གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དཔྱད་ཞིབ་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་8པར་གཞིས་རྩེ་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་འགུལ་རྣམ་ལེགས་སྒྲིག་བྱས་རྗེས། གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་ཁྲི་12.76ཡོད་པ་དང་། དབུལ་པོ་ཐོན་ཚད་18.78%ཟིན་པ། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བའི་ཤིན་ཏུ་དབུལ་བའི་རྫོང(ཆུས)12ཡོད་པས། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་3གྱི་གྲས་ཤིག་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་མི་40503སྤྱིར་ན་དབུལ་སྒྲོལ་ཐུབ་པ་དང་གྲོང་ཚོ་དབུལ་པོ་342དབུལ་ཞྭ་འབུད་པའི་ཆ་རྐྱེན་འཛོམས་ཤིང་། པ་སྣམ་དང་། གཉའ་ནང་། གཏིང་སྐྱེས། ཁང་དམར། སྐྱིད་གྲོང་བཅས་རྫོང་5དབུལ་པོའི་ཞྭ་མོ་འབུད་པའི་ཚད་གཞིར་སླེབས་ཡོད། དཔྱད་ཞིབ་ཚོགས་ཆུང་གིས་སྙན་ཞུ་ཉན་པ་དང་། དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་པ། བརྟག་དཔྱད་འདྲི་ཤོག་འགྲེམས་པ། དངོས་སུ་བརྟག་དཔྱད་བྱེད་པ། དུད་ཚང་དུ་འཚམས་འདྲི་བྱེད་པ། མི་ཁག་གཅིག་ལ་བཅར་གླེང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་ཏུ་བསྐྱོད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་དཔྱད་ཞིབ་ལས་དོན་གཏིང་ཟབ་སྤེལ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱ་རྒྱུ་ནི་ལས་ཀའི་སྤྱོད་ཚུལ་ཡིན་པས། ཇི་མ་ཇི་བཞིན་གོང་རིམ་ལ་སྙན་སེང་ཞུ་དགོས། ད་རེས་ཀྱི་དཔྱད་ཞིབ་གོ་སྐབས་སུ་བཟུང་་ནས། དཔྱད་ཞིབ་ཀྱིས་འགན་འཁྲིར་སྐུལ་མ་གཏོང་བ་དང་། དཔྱད་ཞིབ་ཀྱིས་དོན་འཁྱོལ་ལ་སྐུལ་མ་གཏོང་བ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ངོས་འཛིན་བྱེད་ཤུགས་ཚད་གཞིར་འཛིན་པ་བཅས་བྱས་ཏེ། མང་ཚོགས་དབུལ་པོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།