[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་དཔལ་འབྱོར་ལ“འགྱུར་བ་གཉིས”ཡོང་བ་བྱས།

    ​ 2017ལོར་ཆབ་མདོའི་དཔལ་འབྱོར་མྱུར་སྤུས་གཉིས་མཐོའི་འཁོར་སྐྱོད་བྱུང་བ།

    ​ སྔོན་རྩིས་བྱས་ན་གྲོང་ཁྱེར་དེ་ཡོངས་སུ་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་180ཟིན་ནས་21.7%འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-04

     འདི་ལོ་ཤར་ཚུན་ཆབ་མདོ་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་ཏན་ཏིག་བཏང་སྟེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཁར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་པས་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་འཕར་ཐབས་དེ་མ་འཇོག་རྐྱང་པའི་ཡར་སྐུལ་ནས་མ་འཇོག་ཡར་སྐུལ་དང་། ཐོན་ལས་སྐུལ་གཏོང་། འཛད་སྤྱོད་སྣེ་ཁྲིད་བཅས་ཀྱི་ཕྱོགས་མང་པོར་བརྟེན་ནས་སྐུལ་མ་གཏོང་བའི་བར་འགྱུར་བ་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་དེ་མྱུར་ཚད་མགྱོགས་པ་དང་གནས་ཚད་མཐོ་བའི་འཁོར་སྐྱོད་ནས་མྱུར་ཚད་མགྱོགས་པ་དང་སྤུས་ཚད་མཐོ་བ་དཔུང་གཤིབ་མཉམ་སྐྱོད་བར་འགྱུར་བ་བྱུང་ནས་མིག་སྔར་ལས་འགན་ཁག་ལེགས་གྲུབ་ཡག་པོ་བྱུང་ཡོད་པ་རེད།

    བསྡོམས་རྩིས་རགས་ཙམ་ལ་གཞིགས་ན། 2017ལོར་ཚོད་རྩིས་བྱས་ན་གྲོང་ཁྱེར་དེ་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་180ཟིན་ནས་21.7%འཕར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་282.1ཟིན་ནས་27.8%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་14.2ཟིན་ནས་19.4%འཕར་བ།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.74དང་9560སོ་སོར་ཟིན་ནས་12.6%དང་18.9%སོ་སོར་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་50ཟིན་ནས་20.4%འཕར་ཡོད་པ་རེད།

    རྣམ་གྲངས་ཀྱི་འདེགས་སྐྱོར་མངོན་གསལ་དོད་དུ་གཏོང་བ་དང་ཞན་ཆར་དམིགས་ནས་ཤུགས་སྣོན་བརྒྱབ་སྟེ་རྨང་གཞི་མཐོར་གཏོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བས་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་ཐོབས་ཤུགས་ཆུང་དུ་ནུས་ལྡན་སོང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)དུ་ཤར་གཏོང་ཐུབ་ཚད་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་ཤར་གཏོང་ཐུབ་ཚད་སོ་སོར་བརྒྱ་ཆའི་གྲངས་9.4དང་0.5མཐོ་རུ་ཕྱིན་ནས་ལོ་ཧྲིལ་པོར་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་784འཕར་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་དུ་གཏོང་བའི་འདུ་འགོད་ས་ཚིགས་273བསྐྲུན་པ་དང་ལོ་ཧྲིལ་པོར་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་2གསར་སྦོལ་དང་ལེགས་བཅོས་བྱས་ཏེ་མང་ཚོགས་ཁྲི་7ལྷག་ཙམ་གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱུང་ཡོད། ལོ་འཁོར་གྱི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་འདུ་འགོད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་པས་གློག་དྲ་གཙོ་བོ་རྫོང(ཆུས)ལ་ཁྱོན་ཡོངས་ནས་ཁྱབ་སྟེ་སྟེང་ཆེན་དང་། ལྷོ་རོང་། དཔལ་འབར་བཅས་རྫོང་གསུམ་གྱི་གློག་ཤུགས་རང་རང་སོ་སོའི་འཁོར་སྐྱོད་གནས་སྟངས་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་མང་ཚོགས་ཁྲི་6.95ཡི་གློག་སྤྱོད་གནད་དོན་ཐག་གཅོད་བྱུང་ཡོད། འོད་སྐུད་སྤྱི་ལེ་2420ཁྲིད་ནས་སྲིད་འཛིན་གྲོང་ཚོའི(གྲོང་ལྷན)ལག་ཐོགས་ཁ་པར་གྱི་བརྡ་རྟགས་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོའི་སྒུལ་བདེའི་དྲ་བ་ཁྱོན་ཡོངས་ལ་ཁྱབ་ཡོད།

    ནུས་ཤུགས་ཡོད་རྒུས་བྱ་ཐབས་བསྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག རིམ་སྤོར་ལ་སྐུལ་གཏོང་བཅས་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱས་པས་མང་ཚོགས་ཀྱི་ཡོང་འབབ་རྐྱང་པ་ནས་ཕྱོགས་བསྡུས་ཡོང་འབབ་བར་འགྱུར་ལྡོག་བྱུང་ཞིང་། ལོ་ཧྲིལ་པོར་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་40.75ཟིན་ནས་9.4%འཕར་བ། བཟོ་ལས་ཀྱི་རིན་ཐང་འཕར་མ་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་9.31ཟིན་ནས་44.1%འཕར་བ། དཔལ་འབྱོར་གསར་སྤེལ་ཁུལ་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་130འཕར་ནས་མཛོད་མཇུག་ཁྲལ་འབབ་སྒོར་དུང་ཕྱུར་7.5ཟིན་ཡོད། ཚོད་རྩིས་བྱས་ན་ལོ་ཧྲིལ་པོར་རིགས་ཁག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་200ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་16.4ཟིན་ཏེ་དུས་མཚུངས་ལས་ཆ་སྙོམས་5.9%འཕར་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་གཙོ་གནད་མངོན་གསལ་དོད་པོ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག སྟོབས་ཤུགས་གཅིག་སྡུད། ཁྱོན་ཡོངས་ལ་སྐུལ་གཏོང་བཅས་བྱས་ཤིང་། 2017ལོར་གསར་དུ་ལས་འགོ་བཙུགས་ནས་བཀོད་སྒྲིག་ས་ཚིགས་124བསྐྲུན་པ་དེས་མང་ཚོགས་དུད་ཚང་ཁྲི་1.42དང་མི་གྲངས་ཁྲི་7.26ལ་ཕན་པ་ཐོབ་པ་དང་། ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་377ལག་ལེན་བསྟར་བར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་41.77ཟིན་ནས་མི་འབོར་དབུལ་པོ་ཁྲི་3.2ཀྱི་དབུལ་སྒྲོལ་ལ་སྣེ་ཁྲིད་ཐུབ་ཡོད། ལོ་ཧྲིལ་པོར་ཚོད་རྩིས་བྱས་ན་མི་གྲངས་དབུལ་པོ་ཁྲི་3.63ཉུང་གཏོང་དང་གྲོང་ཚོ་དབུལ་པོ་278འབུལ་སྒྲོལ་ཐུབ་རྒྱུ་ཡིན་པ་དང་། ཁ་རུབ་ཆུས་ཀྱི་དབུལ་ཞྭ་འབུད་རྒྱུ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་རྩིས་ལེན་བྱས་པ་དང་། སྟེང་ཆེན་དང་རི་བོ་ཆེ་རྫོང་གཉིས་པོས་རང་སྐྱོང་ལྗོངས་ཀྱི་ཕྱོགས་གསུམ་པའི་དཔྱད་དཔོག་དང་ལེན་བྱས་པ་རེད།

    ཐབས་བརྒྱ་ཇུས་སྟོང་གྱིས་དམངས་འཚོར་ཕན་པ་ཐོབ་ཐབས་བྱས་ཏེ་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་93.6བསྡུ་སྒྲིལ་བྱས་ནས“དམངས་འཚོའི་འདུ་འགོད་ཁག་བཅུ་གཉིས”མུ་མཐུད་ལག་ལེན་བསྟར་བས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དངོས་འབྲེལ་སྤྱོད་ཐུབ་པ་བྱུང་ཡོད། མ་དངུལ་སྒོར་དུང་ཕྱུར་43བསྡུ་སྒྲིལ་བྱས་ནས་ཚད་ལྡན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ལོ་ཧྲིལ་པོར་བུ་བཅོལ་ཁང་63གསར་སྐྲུན་བྱས་པ། འོས་འགན་སློབ་གསོའི་ཚད་ལྡན་ཅན་གྱི་སློབ་གྲྭ་61བསྐྲུན་པ། མཐོ་རིམ་སློབ་འབྲིང་དཀྱུས་མ་4བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་38གསར་སྐྲུན་བསྐྱར་སྐྲུན་དང“ཀ་པ་རིམ་པ་གཉིས་པའི”སྨན་ཁང་4གསར་འཛུགས་བྱས་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་18སྐྲུན་འགོ་ཚུགས་པ། གྲོང་ཁྱེར་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་འདུ་འགོད་གཙོ་བོ་ལེགས་གྲུབ་བྱུང་ཡོད། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱིས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་56སྤེལ་ནས་རྐང་འཛིན་གྱི་སྨན་པ་བཀའ་བཅུ་པ་33གསོ་སྦྱོང་བྱས་ཡོད། ལོ་ཧྲིལ་པོར་ཁྱོན་ལས་ཞུགས་ལས་གནས་ཁག་6375གསར་སྤེལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་4610ལས་ཞུགས་གསར་ལ་བྱུང་བ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི་13.1གཞན་བསྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་4.8ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།