[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྐབས་བདུན་པའི་ཀྲུང་གོ་བཟོ་རྩལ་མཛེས་རིས་མཁས་ཅན་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་འདེམས་ལ་འོས་སྦྱོར་བྱེད་རྩིས་ཡོད་པའི་མི་སྣའི་སྤྱི་བསྒྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-05

    《སྐབས་བདུན་པའི་ཀྲུང་གོ་བཟོ་རྩལ་མཛེས་རིས་མཁས་ཅན་དཔྱད་ཞིབ་ལས་དོན་དོ་དམ་བྱེད་ཐབས》དང《སྐབས་བདུན་པའི་ཀྲུང་གོ་བཟོ་རྩལ་མཛེས་རིས་མཁས་ཅན་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་འདེམས་འོས་སྦྱོར་ལས་དོན་ཞིབ་སྲོལ》གྱི་བླང་བྱ་ལྟར། དཔྱད་འདེམས་འོས་སྦྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འགོ་ཁྲིད་དང་དཔྱད་འདེམས་འོས་སྦྱོར་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་འོག་སྐབས་བདུན་པའི་ཀྲུང་གོ་བཟོ་རྩལ་མཛེས་རིས་མཁས་ཅན་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་འདེམས་འོས་སྦྱོར་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ལས་དོན་ལེགས་གྲུབ་བྱུང་ཞིང་། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་མཇུག་འབྲས་གཞིར་བཟུང་དཔྱད་ཞིབ་འོས་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བརྒྱུད་འོས་སྦྱོར་བྱེད་རྩིས་ཡོད་པའི་མི་སྣ(མཚན་ཐོ་མཇུག་ཏུ་བཀོད་ཡོད)སྤྱི་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་ཡིན།

    སྤྱི་བསྒྲགས་བྱེད་རིང་ཚན་པ་དང་མི་སྒེར་སུ་ཡིན་ན་ཡང་གལ་སྲིད་བསམ་འཆར་ཡོད་ཚེ་དཔྱད་ཞིབ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ལ་འདོན་ཆོག ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ཡིག་སྐུར་ངོ་བཅར་གནད་དོན་གྱི་ཁུངས་སྣེར་བརྟག་ཞིབ་དང་དཔྱད་ཞིབ་བྱ་རྒྱུ་ཡིན།

    སྤྱི་བསྒྲཌ་དུས་ཡུན། 2018ལོའི་ཟླ་1ཚེས་5ནས་ཟླ་1ཚེས་11ཉིན་བར་ཡིན།

    ལྟ་སྐུལ་ཐེར་འདོན་ཁ་པར། 0891—6198841(ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།