[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-05

    ཉེ་དུས། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཨུད་ཏང་གི་སློབ་གྲྭས་མཉམ་འབྲེལ་ཐོག་སྤེལ་བའི་ལྷ་ས་གྲོང་ཁྱེར་གྱི་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུཌ་པ་རེད།

    འབྲེལ་ཡོད་འགན་འཁུར་བས་དེང་གི་དུས་སུ་ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས། ལྕཌ་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས། དུས་རབས་གསར་པར་སླེབས་པས་འགལ་བ་གསར་པ་ཐག་གཅོད་དང་ལས་འགན་གསར་པ་ལེགས་སྒྲུབ་བྱེད་དགོས་ན། འགག་རྩ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་འཛུགས་སྐྱོང་སྔར་བས་བརྟན་དུ་གཏོང་རྒྱུར་ཐུག་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།