[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆེ་དགྲ་ལྷས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་དག་ཐེར་ཆེད་དོན་ཚོགས་འདུའི་ཐོག

    “བོད་ལ་དམིགས་བསལ་གང་ཡང་མེད་པའི”བསམ་བློ་བརྟན་པོ་བཙུགས་ནས་ནུས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་དོན་འཁྱོལ་དང་དམིགས་སར་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-06

     ཚེས་3ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་རང་ལྗོངས་ཀྱི་གནས་ཚུལ་ལ་ལྟ་བཤེར་བྱས་པའི་ཚུར་ལན་ཚོགས་འདུ་འཚོགས་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་འཕྲལ་མར་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱ་རྒྱུའི་ཐད་བཀོད་སྒྲིག་གནང་ནས་ངེས་པར་དུ་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་གནས་ས་མཐོ་རུ་བཏང་སྟེ“བོད་ལ་དམིགས་བསལ་གང་ཡང་མེད་པའི”བསམ་བློ་བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བྱས་ནས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་སྤྱོད་ཚུལ་ནན་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་དོན་འཁྱོལ་དང་དམིགས་སར་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཆེ་དགྲ་ལྷས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་ཚུར་ལན་བསམ་འཆར་ནང་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ལྷག་པའི་མངོན་གསལ་དོད་པའི་གནད་དོན་བཏོན་པ་དང་འབྲེལ་ང་ཚོས་རྗེས་མཐུད་དག་ཐེར་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུར་ཡང་དག་ཐེར་གྱི་བླང་བྱ་དང་བསམ་འཆར་གྲོས་འགོ་བཏོན་ཡོད། 

    ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་ལྷག་བསམ་རྣམ་དག་ངང་དང་ལེན་གནང་བ་དེ་ཐོག་ནས་དག་ཐེར་གྱི་ཆོད་སེམས་དང་རྣམ་འགྱུར་མཚོན་ཡོད་ལ། རང་ལྗོངས་ཀྱི་དག་ཐེར་ལས་དོན་གྱི་བླང་བྱ་ཡང་གསལ་པོ་བྱུང་ཡོད་ཅེས་གསུངས་པ་རེད། 

    ཆེ་དགྲ་ལྷས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་ནི་དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན་ཞིག་ཡིན་པས་ཇུས་གཞི་བཟོ་བ་སོགས་ཀྱི་ལྷུ་ཚིགས་ནར་འགྱངས་མི་བྱེད་པར་སྔ་སྣུར་དུ་སྒྲུབ་དགོས་པ་ལས་རྗེས་སུ་ལུས་པ་དང་ཕབ་གཅོག་ཅི་ཡང་མི་ཆོག་དེ་ན་དག་ཐེར་གྱི་དུས་བཅད་དང་དམིགས་ཚད་བླང་བྱ་ཁ་གསལ་བཟོས་ཏེ་རིམ་གྱིས་གནོན་ཤུགས་སྤྲོད་པ་དང་མི་ཚང་མས་འགན་འཁུར་ནས་ཚུར་ལན་གནད་དོན་སྔ་ཙམ་དག་ཐེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་གཏོང་དགོས་པ་དང་། འོག་ནས་གོང་བར་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་གཞི་རིམ་གྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་མཐའ་འཁྱོངས་བྱས་ཏེ་དོན་ཚན་རེ་རེ་དང་རྣམ་གྲངས་རེ་རེ་བྱས་ནས་གསེད་བཀྲོལ་བྱས་ནས་འཐུས་སྒོ་ཚང་བའི་ལྟ་བཤེར་དག་ཐེར་ཇུས་གཞི་བཟོ་རྒྱུ་དམ་འཛིན་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་འགན་འཁྲི་བདའ་འདེད་བཏང་ནས་དག་ཐེར་ལས་དོན་དོན་འཁྱོལ་བྱེད་དགོས་པ། དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྒེར་གྱི་གནད་དོན་དང་ཐུན་མོང་གི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“ཕྱིར་མིག་ལྟ་ཐུབ་པ”དང་གནད་དོན་བསྐྱར་ལོག་བྱ་རྒྱུ་འགོག་སྟེ་ལམ་ལུགས་ནན་པོ་དང་གོ་ཆོད་པའི་ལམ་སྲོལ་ཐོག་ནས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།